དེ་རིང་ང་འོས་བླུགས་ས་ཕྱིན་པ་ཡིན།

 

རྒྱ་རི་ཚང་གི་ཚོགས་པ་ཆུ་སྒང་ཡིན་ཟེར་མཁན་ཚོས་བཀའ་བློན་ཁྲི་པ་བཀྲས་མཐང་ཚང་དང་རྒྱ་རི་སྒྲོལ་མ།བློ་བཟང་སེང་གེ་སོགས་་མི་ཁ་ཤས་དང་མཉམ་དུ་ཁོ་རང་ཚོའི་མདོ་སྟོད་མི་མང་གི་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཞེས་བཏོན་འདུག།དེའི་ནང་ལ་ངས་ཤེས་པ་ཟམ་གདོང་རིན་པོ་ཆེ་དང་ཕུར་བུ་ཚེ་རིང་སྟོབས་རྒྱལ།ཐུབ་སྟོན་ལེགས་བཤད།བལ་ཡུལ་ཏྲེ་ཧོར་ཆུ་ཁ་ཚང་རྟ་ཆེན།་སིམ་ལ་ནང་ཆེན་སྟན་འཛིན་སོགས་མི་བཅུ་གསུམ་ཙམ་བཏོན་འདུག།མདོ་སྟོད་མི་མང་ཕལ་ཆེ་བའི་དེ་ལ་ལྟ་ནས་མདོ་སྟོད་སྤྱི་འཐུས་འོས་འཕེན་གྱི་འདུག།

ངས་དབུས་གཙང་པ་མི་ཁ་ཤས་ལ་ཁྱོད་ཀྱི་བཀའ་ཁྲི་སུ་ཡིན་དྲི་པར་བཀྲས་མཐོང་ཡིན་དང་ཡིན་དབུས་གཙང་པ་རེད་ཟེར་མཁན་དང་ཁ་ཤས་ཀྱི་མདོ་སྟོད་དབུས་རྒྱུན་གྱིས་བཀྲས་མཐོང་བཏོན་འདུག་ངས་ཀྱང་ཁོང་འོས་བླུག་གི་ཡིན་ཟེར་ནས་ཡི་ཆེས་གཙང་མ་བྱེད་མཁན་ཡང་འདུག།ཡང་གཞོན་སྐྱེ་མང་པོ་ཞིག་ལ་དྲི་པས་བཀྲས་མཐོང་བླུག་ན་མགཏོགས་བློ་བཟང་སེང་གེ་ཟེར་བ་སུ་ཡིན་དང་ཁོང་གི་པར་ཞིག་ཀྱང་མཐོང་མ་མྱོང་།རྒྱ་རི་སྒྲོལ་མ་ནི་འོས་མི་འཕེན་མོ་ཡག་པོ་ཡོད་མ་རེད་ཟེར་བ་སོགས་ཀྱི་ས་གནས་འདིར་རུ་གཞན་རྗེས་འགྲོ་བྱེད་མཁན་དང་ཕྱོགས་ཞེན་ཅན་ལས་རང་ཐག་རང་བཅོད་བཟོ་ཐུབ་མཁན་ཧ་ཅང་དཀོན་པོ་རེད་འདུག་ལ་ས་གནས་འདི་ཡི་མི་མང་གིས་ཆབ་སྲིད་གོ་རྟོག་ཧ་ཅང་སྐྱོ་པོ་རེད་འདུག།ང་རང་ཚོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་གོ་རྟོག་དེ་ཙམ་ལས་མེད་ན་རྒྱ་བོད་ཀྱི་གནས་ཚུལ་ག་འདྲ་ཡོད་མེད་བལྟས་པས་དེ་ནི་དེ་ལས་སྐྱོ་བ་འདུག།ད་དུང་ས་གནས་འདི་དང་འདྲ་བའི་ས་གནས་ཆུང་ཁ་རིགས་ག་ཚོད་ཡོད་དམ།དེ་ལྟར་མཐོང་དུས་སེམས་པ་སྐྱོ་དགོས་པ་ཞིག་རེད།