པོ་ཏ་ལ།
སྒང་པ་བོད་ཀྱི་སེམས་པ་རེད་ལ
ཁྱེད་ཀྱི་དམར་མདངས་ནི
གདོང་དམར་བོད་ཀྱི་སྙིང་ཁྲག་རེད
ད་དུང་ཁྱེད་ཀྱི་མཛེས་སྡུག་གི་ཆ་ཤ་རེ་རེ་ནས
འཛམ་གླིང་དུ་ལྷང་ངེར་ཁྱབ་པ་ནི
ཁ་བའི་གྲོང་གི་གཟི་བརྗིད་ལོས་ཡིན
པོ་ཏ་ལ།
ཁྱེད་ནི་བཙན་པོའི་ཕ་མཁར
གདོང་དམར་བའི་སྙིང་སྟོབས
གདུག་རྩུབ་དང་དྲག་གནོན་གྱིས
གཞོམ་གཞིགས་མི་ནུས་པའི་བཙན་པོའི་ཁྲག་རྒྱུན
ཁྱེད་ཡོད་ཕྱིར་ངའི་སེམས་པ་ལྷོད་དུ་བབས
ཁྱེད་ཡོད་ཕྱིར་ངའི་མགོ་བོ་ཡར་ལ་འདེགས
ཉི་ཟླ་མེད་པའི་སྨག་རུམ་ནས
ཁྱེད་ཡིད་དུ་སྒོམ་ཞིང
སྐར་ཚོགས་སྒྲིབ་པའི་ནུབ་མོ་རུ
ཡོད་ཚད་ཁྱེད་ལ་བཅོལ
ངའི་སེམས་རྟེན་པོ་ཏ་ལ
ཁྱེད་ནམ་ཡང་འདི་ལྟར་བཞེང་པར་སྨོན