མ་དགོན་བཤད་གྲྭའི་བྱུང་བ་མུ་འགོད་གསུམ་པ།
རྒྱལ་བའི་བསྟན་པ་རིན་པོ་ཆེར་སྙིང་ནས་ལྷག་བསམ་དཀར་བའི་ཕན་པོ་གླང་ཐང་པ་དཔུང་ཆེན་རིན་ཆེན་ རྒྱ་མཚོ་ནས་རིང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ལོ་༡༩༨༠བོད་ཟླ་༡༡ཚེས་༡༤བཅུ་ཕྲག་རིག་པའི་ སྲོལ་འབྱེད་ཆེན་པོ་མ་ཧ་པཎྜི་ཏ་ཆེན་པོ་འཇམ་དཔལ་དཔལ་དབྱངས་དངོས་ཆོ་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་དུས་ཆེན་ཁྱད་པ་ཅན་ཉིད་སྐུའི་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། བཅོ་བརྒྱད་ཁྲི་ཆེན་རིན་པོ། ཆེ་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ།མཁན་ཆེན་སངས་རྒྱས་བསྟན་འཛིན། མཁན་ཆེན་རིན་ཆེན་བཟང་པོ་ སོགས་བླ་ཆེན་མཁན་སྤྲུལ་རྣམ་པ་དབུས་པའི་བསླབ་གསུམ་རྒྱན་གྱི་མཛེས་པའི་དགེ་འདུན་འདུས་པ་བདུན་ བརྒྱ་ལྷག་ཙམ་དང་། འཛམ་གླིང་ཤ་ནུབ་ཡུལ་གྲུ་གང་སར་གནས་པའི་དད་ལྡན་ཆོས་ཞུ་བ་ཁྱིམ་པ་ཕོ་མོ་བརྒྱ་ ཕྲག་རྒལ་བ་དང་བོད་རིགས་ཆོས་ཞུ་བ་སོགས་ཁྱོན་མི་མང་སྟོང་ཚོ་གཅིག་ལྷག་ལ་རིགས་བརྒྱའི་ཁྱབ་བདག་ འཁོར་ལོའི་མགོན་པོ་༧སྐྱབས་མགོན་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གསུང་ངག་རིན་པོ་ཆེ་གསང་ཆེན་སློབ་བཤད་ཀྱི་བཀའ་དབང་བཀའ་དྲིན་བསྩལ། ཕྱི་ལོ་༡༩༨༡ཟླ༠༤ཚེས་༠༢ཉིན་༧སྐྱབས་མགོན་ ༧གོང་མ་རིན་པོ་ཆེ་དབུ་བཞུགས་ཐོག་མ་དགོན་བཤད་གྲྭའི་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་ཐོག་ཞིང་ གཤེགས་དམ་པ་ཡོང་འཛིན་མཁན་ཆེན་རིན་ཆེན་མཆོག་གིས་སྡོམ་གསུམ་རབ་དབྱེ་བཤད་འཁྲིད་ཀྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེར་འཆད་རྩོད་རྩོམ་གསུམ་གྱི་བྱ་བའི་དུས་འདའ་བའི་མཁས་པ་རྒྱུན་མི་ཆད་པར་ བྱུང་བའི་རྟེན་འབྲེལ་གྱི་སྒོ་འཕར་འབྱེད། ཕྱི་ལོ་༡༩༨༢ཟླ༠༤ཚེས་༢༤ཉིན་འཛམ་གླིང་ཞི་བདེ་དེད་དཔོན་༧གོང་ས་ལྷ་མིའི་རྣམ་འདྲེན་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབས་པ་བཞིན་བཀའ་དྲིན་ཆིབས་བསྒྱུར་བསྐྱངས་ནས་བདུན་ཅིག་རིང་འདིར་བཞུགས་ནས་དད་ལྡན་སེར་སྐྱ་བརྒྱ་ཕྲག་མང་པོའི་ཁམས་དང་མོས་པར་ཇི་ལྟར་བ་བཞིན་དམ་པའི་ཆོས་ཀྱི་ཚིམ་པ་མཛད་ཅིང་ལྷག་པར་དུ་རྟེན་གཞི་མ་དགོན་བཤད་གྲྭ་འདི་ཉིད་རྟེན་དང་བརྟེན་པ་བཅས་པ་དེ་བཞིན་ས་སྐྱའི་གཞི་ཆགས་ལེགས་ཚུགས་ཐུབ་པ་བཅས་ལ་ཐུགས་དགྱེས་བརྩེ་གསུང་གི་ཟེར་མ་འཐོར་ཏེ་ལེགས་སུ་དབུགས་དབྱུང་མཛད་ནསདངོས་གཞིའི་དབུ་འབྱེད་རྟེན་འབྲེལ་གྱི་སྒོ་འཕར་ཕྱེ། སྐབས་དེར་བཙན་བྱོལ་ནང་གི་དགོན་པའི་གཟུགས་དབྱིབས་སོགས་ཨང་རིམ་དང་པོ་གྲལ་དུ་འཇོག་ནས་ གྲགས་སྙན་ཤིན་ཏུ་འབར་ཡོད།ཕྲོས་མུ་འགོད།