བུ་མོའི་གླུ་དབྱངས།

འདོད་ཆགས་མེ་ལྟར་འབར་བའི་བདག་གི་ལུས།།

སྦྲང་རྩི་མངར་མོ་ལྟ་བུའི་ཁྱོད་ཀྱི་འོ།།

རྐང་དྲུག་ཟེའུ་འབྲུ་ལེན་ལྟར་སྦྱིན་ཐེངས་རེར།།

ཆུ་གྲང་སྙིང་ཁ་གཏོར་འདྲ་དབུགས་ཐུང་བརྔུབས།།

ཁྱོད་ཀྱིས་སྦྱིན་པའི་རབ་དགའི་ཚོར་བ་ཡིས།།

བདག་སེམས་ཡོངས་སུ་བཟིས་ནས་ཅ་ཅོ་སྨྲས།།

གསལ་ཆ་མེད་པའི་ཅ་ཅོ་མང་པོ་དེ།།

བསྐྱར་དུ་མཇལ་བའི་དགའ་བསུས་གླུ་དབྱངས་རེད།།