མཐོ་སྒང་གི་དུས་བཞིར་བསྟོད་པའི་སྙན་ངག

 

དགུན།

དར་དཀར་ཁ་བའི་མེ་ཏོག་དགུང་ནས་བཞད། །

གསེར་ལྡན་འཛིན་མའི་རྒྱན་ཆ་ཐོལ་གྱིས་བཀླུབས། །

དྭངས་བསིལ་ཆུ་མོའི་འབབ་རྒྱུན་ཁད་ཀྱིས་འགགས། །

ནོར་འཛིན་བུ་མོའི་མཛེས་སྡུག་དབྱིངས་སུ་སྤུར། །

སྟོན།

འབྲས་ལྡན་སྙེ་མའི་འཇོ་སྒེག་སད་ཀྱིས་བཅོམ། །

སྡོང་ལོ་སེར་པོའི་ལས་དབང་རླུང་གིས་ཁུར། །

སྣ་ཚོགས་འཁྲི་ཤིང་ཡལ་ག་ས་རུ་དུད། །

མ་བཅོས་རང་བྱུང་མཛེས་སྡུག་བག་ལ་འཁུམས། །

 

དཔྱིད།

ས་ཆེན་རྐང་འཐུང་འདབ་ལོ་དགོང་དུ་བཞད། །

སྤྲིན་ཆར་སིལ་མས་སྤང་གཞོང་ཁ་མདོག་བསྒྱུར། །

སྐྱེ་དངོས་སྲོག་ཆགས་ཀུན་གྱི་མྱ་ངན་ཞི། །

སོ་ནམ་སྟོང་གི་རྐང་བའི་འདེགས་འཇོག་རྒོད། །

བོད་དུང་བས་བྲིས།