༼ ཨ་མ་དྲིན་པའི་འབོད་སྒྲ་ ༽
ནག་ཐིབ་ཐིབ་ཀྱི་མཚན་མོ་དེ་ལ།
དཀར་སིང་སིང་གི་ཟླ་བའི་གཟུགས་བརྙེན་མིག་ལམ་དུ་ཤར་ནས་གཉིད་ཁུག་སོང་།
རྨི་ལམ་དུ་འཆར་རྒྱུ་ངའི་ཨ་མའི་བཞིན་རས་ཀྱིས་གྲུབ་པའི་རི་མོ་ས་སྟག་ཡིན།
ངས་ཨ་མ། ཨ་མ་ཞེས་བོས་ཏེ་གཉིད་ལས་སད་སོང་།
ང་ལ་དབང་བའི་འཇིག་རྟེན་ནི་ད་རུང་ནག་ཤིག་ཤིག་གི་མཙན་ལྗོངས་རི་མོ་འདི་རེད།
ཨ་མ་ཁྱེད་དྲན་པའི་སྡུག་བསྔལ་ནི་རི་རབ་རྒལ།
ཁྱེད་དྲན་པའི་མིག་ཆུ་ནི་རྒྱ་མཚོ་གྱུར།
ང་ཡི་བློ་ཡིལ་ན་ཁྱེད་ནི་ངའི་བདེ་སྐྱེད་ཀྱི་འབྱུང་ཁུངས་དང་།
ངེད་གཉིས་མཉམ་དུ་འཚོ་བའི་བྲོ་བ་འདི་ནམ་ཡང་སྦྲང་རྩི་ལས་གྱུར་པའི་བདུད་རྩི་ཞིག
ཨ་མ་དང་འགྲོགས་པའི་དུས་ལ།
ནམ་ཡང་བཀྲ་ཤིས་གྱི་འཇའ་མཚོན་བཀྲ།
བཀྲ་ཤིས་ཀྱི་ཉི་མ་ཤར།
བདེ་སྐྱེད་ཀྱི་ཕུན་སུམ་ཚོགས་པའོ།།
གུས་མིང་པ་བསྟན་འཛིན་འཕགས་པ་ནས་ཟླ་ཚེས་བཟང་པོ་ལ།