མི་རབས་གསར་པའི་རིགས་ཞེན་ལ་བསྔགས་པ།

སྙིང་གི་དཀྱིལ་དུ་མི་རིགས་ལ་དུང་བའི་མཚོ་མོ་འཁྱིལ།།

ཁྲག་རྩའི་ནང་དུ་མི་རིགས་ལ་ཞེན་པའི་དཔའ་རྩལ་རྒྱས།།

གདོང་དམར་གྱི་མི་རབས་གསར་པའི་ལང་ཚོའི་ཕྱུག་མོ་དེ།།

རེབ་གོང་གི་ཡུལ་ནས་སླར་ཡང་མཁའ་ལ་འཕྱུར་སོང་ངོ་།།