རིགས་ཀྱི་སྙིང་རུས་སྐད་རིགས་རང་དབང་དང་།།
མི་རིགས་འདྲ་མཉམ་ཆེད་དུ་ལྷན་གཅིག་ལ།།
སྲིད་ཀྱི་སྟེགས་པུའི་དམར་པོའི་མཆེ་བར་ལ།།
ཞུམ་མེད་ལྷོད་ཀྱིས་འཚེ་མེད་ཞི་བའི་ལུགས།།
ལག་ལེན་བྱས་པ་སྙིང་ཁོང་རུས་གསེང་ནས།།
བྱོལ་བའི་ལས་ངན་ང་ཡིས་གུས་ཞིང་བཀུར།།
རིགས་ཀྱི་རྟོགས་པ་སངས་པའི་སློབ་བུའི་ཚོགས།།
འགྱུར་མེད་འབོད་ཚིག་བདེན་པའི་ང་རོ་དེར།།
རྒྱབ་བླངས་བོད་མི་སྐྱེ་བོ་སྐྱ་སེར་ཡོངས།།
བྱེད་ལ་མདུན་པ་ཆེན་པོས་རེ་སྐུལ་ཡོད།།
ཆིག་སྒྲིལ་མིང་གི་ལམ་དུ་མ་སོང་བར།།
དོན་གྱི་སྤོབས་པ་ཆེན་པོའི་ཡར་བཞེངས་དེ།།
ཁྱེད་ཅག་རྗེས་སུ་ཤ་དང་རུས་རྐང་ནས།།
ཡོད་ཚད་བཙག་ནས་སྲིད་གཞུང་སྒོ་འགྲམ་དུ།།
གཅིག་དུ་འཛོམ་པའི་མི་གྲངས་གང་བར་ཤོག།