ལམ་བར་དུ་ཐུག་དུས།
དཀར་ཞིང་གཙང་བའི་བརླ་བར་དེ་ན
ཅི་ཞིག་སྐོང་ཡོད་མེད་དེར་བསམ་བློ་ཞིག་འཁོར
ང་ལ་མི་དབང་བའི་དངོས་པ་དེ་ནི
ཁྱེད་ཀྱི་འགྲམ་དུ་བསྡོད་པའི་ཕོ་གསར་དེས
འདང་ནུབ་འཕུར་ཉུལ་ཞིག་གཏོང་ཡོད་སྲིད
གཞུང་ལམ་སྟེང་གི་རླངས་འཁོར་ནི
འཕུར་ལ་བྲེལ་བའི་བྱེའུ་ཚོགས་ཅི་བཞིན
ངས་ཡུན་རིང་སྒུག ཨང་གྲངས་དོན་གཉིས་ཅན་གྱི
ང་ལ་དགོས་པའི་སྤྱི་སྤྱོད་རླངས་འཁོར་སླེབས་མ་སོང་
ངས་ཁྱེད་ལ་ག་ལེར་བལྟས
ཁྱེད་ཀྱི་ང་ལ་ཟུར་མིག་ཞིག་འཕངས
གློག་འོད་འཁྱུགས་པ་ལྟ་བའི་བར་ཐག་དེ་ནས
ང་རང་ཁུ་སིམ་མེར་བཏང་
གློ་བུར་དུ འཚང་ཁ་དེ་འདྲའི་ཆེ་ན་ཡང་
ཁྱེད་ཀྱི་འཛུམ་མདངས་ནི་མེ་ཏོག་ལྟར
སྐྱོ་བ་སངས་བྱེད་ཀྱི་སྙིང་སྡུག་བཞིན
ང་ལ་ལག་འཇུ་ཞིག་གནོངས་དང་
དོ་ནུབ་གཅིག་བུར་ང་ཁྱེད་ལ་དབང་སྲིད
