གཡས་རུའི་འཆད་རྩོད་ཆེན་མོའི་བྱུང་རབས་ངོ་སྤྲོད།

༄༅། །ཇི་སྐད་དུ། ལོ་རྒྱུས་ཁུངས་ནས་མ་བཤད་ན། །ཡིད་མི་ཆེས་པའི་རྒྱུ་རུ་འགྱུར། །ཞེས་ལུང་གིས་ཉེ་བར་བསྔགས་པའི་སྡོམ་ཚིག་རྐང་པ་གཉིས་ཀྱིས་སྣ་དྲངས་ཏེ། ལོག་རྟོག་ཐ་རམས་ཀྱི་འཆིང་རྒྱ་ལས་གྲོལ་བ་དང་། ལས་ཅན་ཡིད་ཆེས་སྐྱེད་པའི་གསོས་སུ་དམིགས་ནས་ས་བཅད་ཐབས་ཤེས་ཀྱི་གྲངས་ལྡན་དུ་འགོད་པ་ལ། ཀླད་དོན་གྱི་ཁོག་ཕུབ་པའི་སྔོན་འགྲོའི་རིམ་པ་མདོར་ཙམ་བསྟན་པ་དང་། ཚིག་དོན་གྱི་གཞུང་བསྲངས་ཏེ་འཆད་ཉན་གྱི་རིམ་པ་དར་བའི་ཚུལ་རྒྱས་པར་བཤད་དེ་འཇུག་བསྡུ་བའོ། །ཁུངས་ལྡན་རིང་རྒྱུད་ཀྱི་དབང་དུ་བྱས་པའི་སྔོན་འགྲོའི་རིམ་པ་བཤད་པར་བྱ་བ་ལ། རང་ཅག་ལུས་ཅན་ཀུན་གྱིས་ཕན་བཏགས་པ་དང་མ་བཏགས་པ་ལ་རག་མ་ལས་པ་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་དམ་པ་རྣམ་འདྲེན་སྟོན་པ་རབ་དགུའི་ནང་ཚན་འདྲེན་པ་ཡོངས་ཀྱི་ཐུ་བོ་ཆེད་དུ་བྱ་བའི་གདུལ་ཞིང་མི་མཇེད་སྟོང་གསུམ་འཇིག་རྟེན་གྱི་སྙིགས་དུས་རྩོད་ལྡན་འདུལ་བའི་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་མཛད་ཆེན་བཅུ་གཉིས་ཀྱི་ནང་ནས་རྣམ་པར་སྤེལ་བའི་མཛད་པ་དང་། བཀའ་འཁོར་ཐོག་མཐའ་བར་གསུམ་གྱི་ནང་ཚན་ཀུན་རྫོབ་དྲང་དོན་གཙོ་བོར་སྟོན་པའི་རྒྱལ་གྱི་ལོ་མཛོད་དགུ་པའི་མཛད་པ་རྫོགས་ནས་གཤེན་གྱི་བགྲང་བྱ་བཅུ་ཕྲག་གཅིག་འཁོར་ལ་ཉེ་བའི་སྐབས། གཡུང་དྲུང་དགུ་བརྩེགས་ཀྱི་རི་བོར་ཕྱག་ཕེབས་ཏེ་ཐུགས་ཀྱི་སྲས་མཆོག་རྨ་ལོ་དང་གཡུ་ལོ་གཉིས་ལ། ལྷ་སྲིན་གྱི་འཁྲུག་འབུམ་ནག་པོ། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་དང་གསུམ་གཏན་ལ་ཕབས་ཏེ་གསུངས། སྒྲ་ཚད་གཉིས་ཀྱི་ནང་ནས་ཕས་རྒོལ་གྱི་ལོག་རྟོག་དྲུང་ནས་འབྱིན་ཞིང་གཞལ་བྱའི་གནས་གསུམ་ལ་མ་རྨོངས་པའི་བློ་གྲོས་འབྱེད་པར་བྱེད་པའི་ཚད་མ་རིག་པའི་བོན་སྡེ་ལ། དྲི་བ་རྟགས་གསལ་སྒྲོན་མེའི་སྡེ། རྩོད་པ་རྫུ་འཕྲུལ་དྲྭ་བའི་སྡེ། སྤང་པ་རྒོལ་བ་ཚར་གཅོད་སྡེ། བླང་བ་ཀུན་འབྱུང་ཡངས་པའི་སྡེ། འགལ་བ་མི་མཐུན་སྤང་བའི་སྡེ། མཐུན་པ་རང་ལུགས་བཞག་པའི་སྡེ། མཐར་ཕྱིན་བོན་ཉིད་གདར་གཅོད་ཀྱི་སྡེ་ཚད་མ་སྡེ་བདུན་དུ་གྲགས་པའི་གཞུང་ལུགས་རྣམས་རྒྱས་པར་གཏན་ལ་ཕབས་ནས་སྲས་ཀྱི་ཐུ་བོ་གཡུ་ལོ་གཡུ་ཡི་ལན་ཕྲན་ཅན་ལ་གཉེར་དུ་གཏད་དོ། །གཉིས་པ་ཚིག་དོན་གྱི་གཞུང་བསྲངས་བ་དངོས་གཞིའི་རིམ་པ་འཆད་པ་ལ། དེ་ལྟར་མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་གནས་རྟག་གཟིགས་བོན་གྱི་རྒྱལ་ཁམས་རྣམས་སུ། འཆད་པ་བོན་གྱི་འཁོར་ལོ། རྩོད་པ་བོན་གྱི་འཁོར་ལོ། རྩོམ་པ་བོན་གྱི་འཁོར་ལོ། སྒྲུབ་པ་བོན་གྱི་འཁོར་ལོས་མཚོན་པའི་མཁས་གྲུབ་ཀྱི་བྱ་བ་རྣམ་བཞིས་བཤད་སྒྲུབ་བསྟན་པའི་ཉི་འོད་ཕྱོགས་མཚམས་ཀུན་ཏུ་བརྡལ། བཤད་སྒྲུབ་ཀྱི་སྡེ་རིགས་གཉིས་སུ་བཅད་པའི་དང་པོ་བཤད་པའི་སྡེ་ལ་ཐོས་པ་ཕྱི་ཡི་སྒྲོ་འདོགས་གཅོད་པའི་བཀའ་གཞུང་ཉན་བཤད་ཀྱི་སྡེ་དང་། སྒྲུབ་པའི་སྡེ་ལ་ཡང་དག་དོན་ལ་འཇུག་པའི་ཤིང་དྲུང་མི་རྟག་པའི་སྡེ། ཞུགས་པ་རྩེ་གཅིག་སྒྲུབ་པའི་རི་ཁྲོད་ཅོག་པུའི་སྡེ། ཞུགས་པ་མཐར་ཕྱིན་སྒྲུབ་པའི་བྲག་དགོན་དཀའ་ཐུབ་ཀྱི་སྡེ་བཅས་བཞི་རུ་ཕྱེས་ནས་མཁས་བཙུན་བཟང་གསུམ་གྱིས་ཕྱུག་པའི་གཡུང་དྲུང་བསྟན་པ་འཛིན་པའི་མྱུ་གུ་མང་དུ་འཕེལ། དེ་དག་གི་ནང་ནས་ཆེས་རྨད་དུ་བྱུང་ཞིང་རྣམ་དཔྱོད་མཁའ་ལྟར་ཡངས་པའི་བསྟན་འཛིན་གྱི་སྐྱེས་ཆེན་གཤེན་རབ་གསུང་གི་གཉེར་དཔོན་གདུང་ཚོབ་མུ་ཆོ་ལྡེམ་དྲུག་གི་ཞབས་ལ་བཏུགས་ཏེ་མཁས་པའི་ཡང་རྩེར་སོན་པའི་རྒྱུད་འཛིན་འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་ཀྱིས་ཚད་མ་རིག་པའི་བོན་སྡེ་ཙམ་དུ་མ་ཟད་བཅུ་ཕྲག་རིག་པའི་གནས་ཆེན་ཡོངས་ལ་གསན་བསམ་མཐར་ཕྱིན་གནང་སྟེ་རང་རང་གི་ཡུལ་གྲུར་ལོ་ཙའི་སྒྲ་བསྒྱུར་བསྐྱངས་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ཕུང་པོ་ཟད་མི་ཤེས་པ་དང་བསྟན་འགྲོའི་བདེ་སྐྱིད་ཀྱི་རྩ་ལག་རྨ་མེད་དུ་བསྐྲུན། དེ་ནས་རིམ་བཞིན་རྟག་གཟིགས་ནས་ཞང་ཞུང་གི་ཡུལ་དུ་བརྒྱུད་དེ་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་ཀྱི་ནང་ནས་ཞང་ཞུང་སྲིད་པའི་རྒྱལ་པོ་ཧོས་རྗེ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་༼ འདི་ཞང་རྒྱལ་བཅོ་བརྒྱད་ཀྱི་ནང་ནས་དང་པོ་དེ་ཡིན ༽གྱི་སྐབས་སྟོན་པ་དངོས་སུ་ཞང་ཞུང་བོན་གྱི་རི་བོ་གངས་ཅན་ཏི་སེའི་མདུན་དྲུང་དུ་ཞབས་ཀྱིས་བཅགས་ཏེ་ཁྲི་རྗེ་ལུང་བསྟན་གྱི་མདོ་གསུངས། ཁྱད་པར་དུ་བྱ་རུ་ཐོབ་པའི་ཞང་ཞུང་བོན་རྒྱལ་བཅོ་བརྒྱད་ཀྱི་ནང་ནས་བོན་རྒྱལ་ལྔ་པ་རྒྱུངས་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་གྱི་སྲས་པོ་ཞང་ཞུང་དྲན་པ་ནམ་མཁས་རྟག་གཟིགས་ཀྱི་མཁས་པ་དམུ་ཚ་ཏྲ་ཧེ་དང་ཟ་རང་མེ་འབར་ལ་གཏུགས་ཏེ་བདེན་པ་བོན་གྱི་སྒྲ་འགྲེལ་དང་ཚད་མའི་གཞུང་ཆེན་རྣམ་འབྱེད་འཕྲུལ་སྡེ། སྔགས་སེམས་ཀྱི་གདམས་པ་བསམ་གྱིས་མི་ཁྱབ་པ་བཀོད་དེ་འགྲོ་བ་དྲངས། རྣམ་དག་འདུལ་བའི་རྒྱུད་རིམ་གྱི་དབང་དུ་བྱས་ན། སྤྱི་ལོའི་ཡར་སྔོན་༡༡༩༦རྟག་གཟིགས་ཀྱི་མཁན་པོ་རྫུ་འཕྲུལ་ཡེ་ཤེས་ཞང་ཞུང་གི་ཡུལ་དུ་བྱོན། དེའི་མཁན་བུ་ཡེ་ཤེས་ཚུལ་ཁྲིམས་བླ་སློབ་གཉིས་ཀྱིས་ཕྱག་བཏབ་པ་སྤོས་རི་ངད་ལྡན་གྱི་ཤར་རྒྱུད་ལ་ཡོད་པའི་དྲུང་མུ་ལྷ་ཙེའི་ལྷ་སྡེ་ཆེན་པོ་དང་། གཡུང་དྲུང་ཚུལ་ཁྲིམས་ཀྱིས་ཕྱག་བཏབ་པ་མཚོ་མ་པང་གི་ཤར་ངོས་ལ་ཡོད་པའི་གཡུང་དྲུང་ལྷ་རྩེའི་འདུས་སྡེ་ཆེན་པོ། གཙུག་ཕུད་ཚུལ་ཁྲིམས་ཀྱིས་ཕྱག་བཏབ་པ་ལྷོ་ཕྱོགས་ཧྲོམ་པོ་དཔལ་གྱི་རི་ལ་གཡུང་དྲུང་བརྩེགས་པའི་འདུས་སྡེ་ཆེན་པོ། ཁྲི་འབར་གཙུག་ཕུད་ཀྱིས་ཕྱག་བཏབ་པ་སྤོས་རི་ངད་ལྡན་གྱི་ནུབ་ཕྱོགས་དཔལ་ཕུའི་རི་སྡེབས་སུ་ཡོད་པའི་གཡུང་དྲུང་མཆོག་སྟེང་དགོན་པ་བཅས་སྔར་ཞང་ཞུང་གི་ཡུལ་དུ་ཡོད་པའི་བོན་གྱི་གདན་ས་གཙོ་བོ་ཁག་བཞི་དེ་ཡིན་ནོ། །
དེ་
དེ་
སྤྱི་ལོའི་ཡར་སྔོན་ ༥༥༢ ལོར་སྙ་ཆེན་ལི་ཤུ་འོལ་གླིང་ནས་བོད་དུ་ཕེབས་ཏེ་མན་ངག་ལུང་གི་ཚད་མ་དང་དེའི་འགྲེལ་གཞན་ཡང་སེམས་ཕྱོགས་ཀྱི་ཆ་ལག་མང་དུ་མཛད་དེ་སྡེ་བདུན་ཚད་མའི་རིག་ལམ་གྱི་རྒྱུན་བསྲིངས་ནས་གངས་ཅན་མུན་པའི་སྨག་རུམ་སེལ་བའི་སྲིད་པའི་སྒྲོན་མེ་ཆེས་ཆེར་སྤེལ། དེ་ནས་བསྟན་པ་ཕྱི་དར་དུ་གྲགས་པའི་དུས་ཀྱི་ཕོ་ཉའི་མགུར་དབྱངས་སྒྲ་འཛིན་སྙན་གྱི་ཁྱུད་འཁོར་དུ་བོན་པའི་དུས་ཀྱི་སྒྲོན་བསྐལ་མ་ཤར་གྱི་བར་དཀའ་བའི་གཉན་ཕྲང་དུ་མར་རྒྱུད་ཀྱང་། བོན་ཉིད་རྣམ་པར་དག་པའི་བདེན་སྟོབས་དང་། རིག་འཛིན་གོང་མའི་སྨོན་ལམ་གྱི་འཕྲོ་བཙན་པ་བཅས་ཀྱི་ཉེར་ལེན་ལ་བརྟེན་ནས་གཡུང་དྲུང་བསྟན་པའི་མེ་སྟག་མ་ཡལ་ཙམ་སྤུ་རྒྱལ་བོན་གྱི་ཞིང་ཁམས་འདིར་བསྟན་འགྲོའི་གསོས་སུ་བཞུགས་པ་ལགས་སོ། །དེ་ནས་སྤྱི་ལོ་ ༩༡༣ དུས་རབས་བཅུ་པའི་སྐབས་རིག་འཛིན་གཏེར་སྟོན་རྣམས་ཀྱིས་བོན་གྱི་ཟབ་གཏེར་བཞེས་པའི་དབུ་བརྩམས་པ་ནས་བསྟན་པ་ཕྱི་དར་དུ་གྲགས་པའི་གཡུང་དྲུང་བསྟན་པའི་མེ་རོ་སླར་ཡང་མངའ་རིས་བོན་གྱི་རྒྱལ་ཁམས་སུ་འགོག་མེད་རླབས་ཀྱིས་མཆེད་པའི་རྟེན་འབྲེལ་གྱི་གཟི་འོད་འབར། དེ་ནས་སྤྱི་ལོ་ ༡༠༡༧ དུས་རབས་བཅུ་གཅིག་པའི་སྐབས་དམུ་རིགས་གཤེན་གྱི་གདུང་འཛིན་འཁྲུལ་མེད་སྤྲུལ་པའི་སྐུ་མཆོག་གཤེན་འབྲིག་མཚམས་པ་ཆེན་པོས། ལྷོ་འབྲིག་མཚམས་མཐའ་དཀར་ནས་འཕྲུལ་ངག་བོན་གྱི་ཟབ་གཏེར་བཞེས་ཏེ་བོན་བསྟན་ཕྱི་དར་གྱི་དབུ་ཚུགས་པའི་གྲགས་སྙན་ཚངས་པའི་སྒྲ་དབྱངས་རྒྱ་ཆེར་ཁྱབ་པ་ལ་བརྟེན། ངང་མོ་མཚོ་ལ་འདུས་པའམ་སྦྲང་མ་རྩི་ལ་འཁོར་བ་བཞིན་སྔོན་གྱི་ལས་སྨོན་བཟང་པོས་ཕྱོགས་བཞི་ཀུན་ནས་སྐལ་ལྡན་འཁོར་གྱི་སློབ་ཚོགས་བསམ་གྱིས་མི་ཁྱབ་པ་མ་བོས་ངང་གིས་འདུས་པའི་ནང་ནས་བཀའ་བབ་ཀྱི་བུ་ཆེན་བཞིས་རང་རང་གི་བསྟན་པའི་གཉེར་བཞེས། གཤེན་ཆེན་པོའི་རྒྱུད་འཛིན་རྒྱལ་བ་བྲུ། དབང་ལྡན་ཞུ། རྒྱལ་སྲས་སྤ། མཁས་པ་རྨེའུ། དམུ་རིགས་གཤེན་སོགས་བསྟན་འཛིན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱོན་པའི་ནང་ནས་སློབ་མའི་མཆོག་ཏུ་གྱུར་པ་མཁས་པའི་བྱ་བ་རྣམ་གསུམ་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞིང་ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་ལ་གསལ་བྱེད་ཀྱི་འགྲེལ་ཏིག་ཐོག་མར་སྤེལ་བའི་ཕྱི་དར་གྱི་བསྟན་པའི་སྲོལ་འབྱེད་ཆེན་པོ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་བྲུ་ཤ་ཁྱུང་གི་རྒྱལ་མཚན་ཞེས་སྙན་པའི་བ་དན་དཀར་པོ་རབ་ཏུ་གཡོ་བ་གཉིས་ཀྱི་གསུང་གི་བདུད་རྩི་ལ་ལོངས་སུ་སྤྱོད་ཅིང་སྦྱོང་རྟོགས་བློ་གྲོས་ཀྱིས་རབ་ཏུ་ཕྱུག་པའི་མཁས་གྲུབ་གཉིས་ལྡན་གྱི་སེམས་དཔའ་ཆེན་པོ་བྲུ་རྗེ་གཡུང་དྲུང་བླ་མས་༼ མཚན་གཞན་བསྟན་པའི་མངའ་བདག་རྗེ་བཙུན་ཆེན་པོ ༽གཡས་རུའི་ས་ཡི་ཐིག་ལེར་རབ་བྱུང་དང་པོའི་ཆུ་བྱི་སྤྱི་ལོ་ ༡༠༧༢ ལོར་རྒྱལ་བ་བྲུ་ཡི་གདན་ས་ཆེན་པོ་དཔལ་ལྡན་ལྷུན་གྲུབ་དབེན་ས་ཁ་ཕྱག་བཏབ། འདི་ནི་བསྟན་པ་ཕྱི་དར་སྐབས་བོན་གྱི་གདན་ས་ཁག་ལྔ་ཡི་ནང་ནས་འཆད་ཉན་གྱི་སྲོག་འཛིན་ཞིང་མཁས་གྲུབ་རྒྱུ་སྐར་གྱི་ཕྲེང་བ་ལྟར་ཟམ་མ་ཆད་པར་བྱུང་བའི་གདན་ས་ཁྱད་དུ་འཕགས་པ་ཞིག་ཀྱང་ཡིན་པར་གྲགས། གབ་མཛོད་ས་གསུམ་གཙོ་བོར་བྱས་པའི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་འཆད་ཉན་བཤད་སྒྲུབ་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས་སྐལ་ལྡན་གྱི་སློབ་ཚོགས་ཁྲི་ཕྲག་གི་གྲངས་སུ་འཕེལ། འདུས་སྡེར་ཚོགས་དུང་གི་བརྡ་ཡང་གསས་ཁང་གི་ཕྱོགས་བཞི་ནས་གཏོང་ཞིང་བསྐུལ་བ་ལས་མི་འགབ་པའི་ཚད་དུ་ཟིན་ནའང་། ཡན་ལག་གྲྭ་ཚང་གླིང་སྟོད་དང་། གླིང་སྨད། གླིང་སྐེད། གླིང་ཟུར་བཅས་གྲྭ་ཚང་གླིང་བཞིའི་དོ་དམ་ལྟ་རྟོགས་ཀྱི་སྒྲིག་ཁོངས་སུ་རྒྱལ་བསྟན་སྐྱོང་ཚུལ་གྱི་རྣམ་ཐར་བརྗོད་ལས་འདས། གདན་ས་འདིའི་རྩོད་གྲྭ་དང་མཁན་སློབ་ཀྱི་གསུང་ལས་སྐྱེས་པའི་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་གྲུབ་གཉིས་ལྡན་གྱི་ཁྱུ་ཚོགས་གྲངས་སུ་བཟུང་བར་དཀའ་ཡང་། གདན་ས་འདིའི་རྒྱུད་པའི་སྲོལ་འཛིན་ཞིང་བསྟན་པའི་རྒྱལ་མཚན་མཁའ་ལ་ཕྱར་བའི་གཡས་རུའི་རིག་པ་སྨྲ་བའི་སེང་ཆེན་དུ་གྲགས་པའི་གཡས་རུའི་སྟོན་པ་བཅོ་བརྒྱད་ནི། དམུ་རྒྱལ་གཤེན་གྱི་བསྟན་པའི་གསལ་བྱེད་ཀུན་གྱི་ནང་ནས་ཆེས་བསྔགས་པར་འོས་པ་སྟེ། བསླུ་མེད་ལུང་གིས་ཟིན་ཅིང་སྒྲུབ་པའི་སེམས་ཀྱི་རང་ཞལ་ཁུམས་པ་ཙམ་དུ་མ་ཟད་འཕྲུལ་ངག་བོན་གྱི་ཟབ་རྒྱ་གཤོག་པའི་ཚད་གསུམ་རིག་པའི་རལ་གྲི་ཕྱག་ན་བསྣམས་པའི་སྨྲ་བའི་སེང་ཆེན་དངོས་ཡིན་པའི་ཕྱིར། འདི་ལྟ་བུའི་ཚུལ་ལ་གཞིགས་ཏེ་སྙིགས་དུས་ཀྱི་རྒྱལ་བ་གཉིས་པས། ལུང་རིགས་ཀྱི་དབང་ཕྱུག་ཁྱུང་གི་རྒྱལ་མཚན། བསྟན་པའི་མངའ་བདག་རྗེ་བཙུན་ཆེན་པོ། བློ་གྲོས་ཀྱི་གཏེར་ཆེན་བྲུ་སྟོན་ཉི་རྒྱལ། བསླབ་གསུམ་གྱི་དབང་ཕྱུག་གཡོར་པོ་མེ་དཔལ། ལུང་རིགས་ཀྱི་མངའ་བདག་མཁས་པ་གཉོས་རྒྱལ། དྲི་མེད་ཀྱི་སྤྱན་ལྡན་བདུད་རྩི་རྒྱལ་མཚན། འཕྲིན་ལས་ཀྱི་རྒྱ་མཚོ་འགྲོ་མགོན་བློ་གྲོས་ཞེས་བསྔགས་པར་མཛད་པ་ཡང་དོན་ལ་གནས་པ་ཁོ་ནའོ། །
དེ་ནས་སྤྱི་ལོ་ ༡༡༩༨_༡༢༦༣ དུས་རབས་བཅུ་གཉིས་སྐབས་སུ་བྱོན་པའི་བོན་གྱི་པན་གྲུབ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་སྟོན་པ་བརྒྱད་པ་ལུང་རིག་རབ་འབྱམས་སྨྲ་བའི་ཁྱུ་མཆོག་གཡུང་དྲུང་བོན་གྱི་མ་ཧ་པཎྚི་ཏ་ཆེན་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་གིས་ཚད་མ་སྡེ་བདུན་དང་། དྲན་པའི་རྣམ་འབྱེད་འཕྲུལ་ལྡེ། ཤ་རིའི་ཏན་ཏྲ་ཉི་མའི་འཁོར་ལོ། ལི་ཤུའི་གཏན་ཚིགས་གལ་མདོ་རིགས་པའི་ཚད་མ་དང་མན་ངག་ལུང་གི་ཚད་མ་བཅས་ལ་གཞི་བཅོལ་ཏེ་ཚད་མའི་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་སུ་གྲགས་པའི་ལེའུ་བརྒྱད་ཀྱི་གྲངས་ལྡན་དུ་བཀོད་པའི་ཚད་མ་དྲུག་གི་རྣམ་བཞག་གསལ་བར་མཛད་པའི་ཚད་མའི་གཞུང་ཆེན་གཏན་ལ་ཕབས་ཏེ་སྔ་རབས་བོན་གྱི་ཚད་མའི་བཞེད་སྲོལ་ཐུན་མོང་མ་ཡིན་པ་རིག་པའི་ལམ་ནས་དྲང་བར་མཛད་དོ། །
ལུང་
མི་
ཐུན་
དེ་

སླར་
ཟླ་
དེ་
དེ་ནས་བོད་ཟླ་བཅུ་པའི་གནམ་གང་ཉིན་༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་བདག་ཉིད་ཆེན་པོ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་ནས་དོན་གཉེར་སློབ་འབངས་ཡོངས་ལ་ཐུགས་རྗེ་ལེགས་འབུལ་གྱི་བཀའ་སློབ་ཤིན་ཏུ་སྨར་བ་བརྩལ་བའི་སྙིང་དོན། དམུ་རྒྱལ་གཤེན་གྱི་བསྟན་པ་སྤྱི་དང་ཡང་སྒོས་རྒྱལ་བ་བྲུ་ཡི་གདན་ས་ཆེན་པོ་དཔལ་ལྡན་ལྷུན་གྲུབ་དབེན་ས་ཁ་ཡི་ཚད་མའི་གཞུང་ལ་འཆད་ཉན་དང་། ཁྱད་པར་དུ་༧རྗེ་མཉམ་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྙིང་པོ་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་མཛད་དེ་འཆད་རྩོད་རྩོམ་གསུམ་ལ་བརྩོན་འགྲུས་ཆུ་བོའི་རྒྱུན་ལྟར་ཆག་མེད་གནང་བ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་མ་ཟད། ཁྱེད་རྣམས་གཡུང་དྲུང་བོན་གྱི་བསྟན་པའི་སོན་རྩ་ལགས་པས་མདོ་སྔགས་སེམས་གསུམ་དང་། རིག་གནས་ཆེ་ཕྲ་ཁག་ལ་ད་དུང་ཡང་སློབ་གཉེར་རྒྱུན་སྲིང་གནང་དགོས་པ་དང་། ཁྱད་པར་དུ་ལས་དང་སྨོན་ལམ་གྱིས་འདུས་པའི་བསྟན་འཛིན་གྱི་སྐྱེས་བུ་ཁྱེད་རྣམས། སྤྲིན་དཀར་པོ་ཚད་བཙུགས། ས་ནག་པོ་འདོམས་ལ་མཇལ་ནས་མི་ཡུལ་ས་མཐའ་འདིར་ཕེབས་པའི་དགོས་དོན་བཤད་སྒྲུབ་ཀྱི་བསྟན་པ་འདི་ལ་དམིགས་པ་ཁོ་ན་ལགས་པས། དེ་དོན་སྙིང་པོའི་དོན་ཆེན་ལོན་ཐབས་ལ་འབད་པ་ཅི་ནས་གནང་དགོས། ང་རང་ཚོ་བསྟན་པ་གཅིགསྟོན་པ་གཅིགམགོ་ལ་བུམ་པ་མཉམ་བཞག ལྕེ་ལ་བདུད་རྩི་མཉམ་འཐུང་། ཚོགས་གདན་གཅིག་གི་ཐོག་ཏུ་བསྡད། ཚོགས་ཟངས་གཅིག་གི་ནང་དུ་ལོངས་སུ་སྤྱོད་མཁན་ཤ་སྟག་ཡིན་པར་བརྟེན། ཐུགས་མཐུན་ཁྲིམས་གཙང་དགོས་པ་ཤིན་ཏུ་ནས་གལ་ཆེ་བ་མ་ཟད། ཆོས་ལུགས་ཀྱི་རུ་ཏྲ་ཆོལ་ཁའི་ཕྱོོགས་ཞེན་ལུང་ཚན་གྱི་ཕྲག་དོག་སོགས་གཏན་ནས་གནང་མི་རུང་། ང་རང་ཚོར་དགོས་པ་ནི་མདོ་སྔགས་སེམས་གསུམ་གྱིས་མཚོན་པའི་ཤེས་བྱའི་གནས་ལ་ཉམས་ལེན་དང་ཕྱི་རྣམ་དག་འདུལ་བའི་གཅེས་ཁྲིམས་དང་མ་འགལ་བ། ཁྱད་པར་དུ་སྤྱི་སེམས་དང་ལྷག་བསམ་ནི་རྣམ་ཀུན་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་དང་ཉམས་ལེན་གྱི་སྙིང་པོ་ཞིག་ཡིན་པའི་བཀའ་སློབ་ཟབ་རྒྱས་བཀའ་དྲིན་བསྐྱངས། སྒོ་གསུམ་རྣལ་དུ་ཕབས་ཤིང་བློ་ཁ་ནང་དུ་ཕྱོགས་ཏེ་འདས་པ་རྗེས་སུ་དྲན་པའི་རྟོག་པ་དང་། ད་ལྟ་བ་ངོ་བོ་ཉིད་ཀྱི་རྟོག་པ། མ་འོངས་པ་མངོན་པར་སྤྱོད་པའི་རྟོག་པ་གསུམ་གྱིས་སྣ་དྲངས་ཏེ་ལེགས་པར་བརྟགས་ཚེ། དུས་ཀྱི་གཉན་འཕྲང་འདིར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བོན་གྱི་གདན་ས་ཆེན་པོ་འདི་ནས་བསྟན་པ་འཛིན་པའི་དགེ་བའི་བཤེས་གཉེན་བརྒྱ་ཕྲག་གི་གྲངས་སུ་འཕེལ་ཏེ་གཞིས་བྱེས་ཙམ་དུ་མ་ཟད་འཛམ་གླིང་ཡུལ་གྲུ་ཀུན་ཏུ་བོན་གྱི་བསྟན་པ་ཚུལ་བཞིན་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་བཞིན་པ་དང་། ཁྱད་པར་དུ་གདན་ས་འདིའི་གཡས་རུའི་འཆད་རྩོད་ཆེན་མོའི་སྲོལ་བཟང་ལ་གཞི་བཅོལ་ཏེ་དབུ་འོག་དཔུང་འདེགས་ཀྱི་ཚུལ་དུ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་ལོ་ལྟར་ཚད་མའི་རིགས་སྒྲ་ཆེན་མོ་རྒྱུན་ཚོགས་གནང་བ་དང་། དེ་བཞིན་མདོ་སྨད་སྣང་ཞིག་དགོན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་ཚད་མའི་འཆད་རྩོད་ཆེན་མོ། རྩེ་དྲུག་བཤད་སྒྲུབ་འདུས་སྡེ་དང་ཀོ་དགོན་བཤད་སྒྲུབ་སློབ་གླིང་རྣམས་སུ་ཚད་མའི་རིགས་སྒྲ་ཆེན་མོ་རྒྱུན་ཚོགས་གནང་སྟེ་བསྟན་པའི་གསལ་བྱེད་དུ་གྱུར་པའི་རྒྱལ་བ་གོང་མའི་ཕྱག་སྲོལ་རྨ་མེད་དུ་སྐྱོང་བཞིན་པ་འདི། ངོས་ནས་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་གྲངས་མེད་ཞུ་བཞིན་ཡོད། བོན་གྱི་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྤྱི་ལོ་ ༡༩༩༦ ལོར་ཚད་མ་རང་འགྲེལ་གྱི་འཆད་རྩོད་ཆེན་མོ་དང་། སྤྱི་ལོ་ ༡༩༩༧ ལོར་གཡས་རུའི་འཆད་རྩོད་ཆེན་མོ་དབུ་འཛུགས་བསྐྱངས་བ་ནས་བཟུང་ད་ལྟའི་བར་བགྲང་བྱ་བཅུ་ཕྲག་གཉིས་ལ་ཉེ་བའི་རིང་ཚད་མའི་འཆད་རྩོད་ཐེངས་བཅོ་ལྔ་དང་གཡས་རུའི་འཆད་རྩོད་ཐེངས་བཅུ་བཞི་ཧྲིལ་པོར་འཁོར་བའི་སྐལ་བཟང་དགེ་བའི་རྟེན་འབྲེལ་གྱི་གསོས་སུ་དམིགས་ཏེ་སྐབས་སོ་གཅིག་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་རྣམས་ཀྱིས་གཡས་རུའི་འཆད་རྩོད་ཆེན་མོའི་བྱུང་རབས་ངོ་སྤྲོད་སྙིང་དོན་ཚང་བ་ཞིག་ཅི་ནས་ཀྱང་དགོས་གལ་ཆེ་བའི་ཞུ་སྙན་འབྱོར་དོན་ལྟར། སྨན་རིའི་དགེ་མིང་འཛིན་པ་ཉི་མ་དོན་འགྲུབ་ནས་གུས་འདུད་དང་བཅས་ཏེ་ཕུལ།།

གཡུང་
