རྒན་ལྕགས་ཞྭ་དང་ཡེ་ཤེས་མཚོ་མོ།

ངས་ “ཅི་ཞིག་དྲན་གནང་གི་འདུག་” ཅེས་ཁོང་གི་གཏམ་འགོ་བསུས། སློབ་སྤྱིས་ང་ལ་ཞིག་བལྟས་ནས་ཁོང་འཛུམ་ཞིག་ལངས་པ་དང་ཆབས་ཅིག

“སྔོན་ཆད་སིམ་ལ་སློབ་གྲྭའི་ནང་བོད་ཡིག་དགེ་རྒན་རྒན་ལྕགས་ཞྭ་ཟེར་བ་ཞིག་ཡོད་ཅིང་། ཁོང་ནི་རྟེན་རབ་བྱུང་ཡིན་པ་དང་། དཔེ་ཆ་ཡག་ཅིང་། ལྷ་པར་དུ་བོད་ཀྱི་སྐད་ཡིག་ལ་མཁས་ཤིང་ཕྱག་གཟུགས་ཡག་བ་དགེ་རྒན་དེ་འདྲ་དེང་སང་ཁག་པོ་རེད་ཅེས་ཁོང་གིས་མུ་མཐུད་གསུང་དོན་དགེ་རྒན་ལྕགས་ཞྭ་ནི་ངའི་དགེ་རྒན་ཡིན་ཞིང་དགེ་རྒན་དམ་པ་ཁོང་གི་མཚན་དངོས་སྨོས་མེད་དྲ་གྲོགས་ཚོས་བཟོད་སྒོམ་གནང་རོགས་ཞུ་རྒྱུ་ཡིན།བཙན་བྱོལ་ནང་གི་དགེ་རྒན་གྲགས་ཅན་གྲས་སུ་ཚང་མས་ངོས་འཛིན་དང་བརྩེ་བཀུར་ཞུ་སའི་དགེ་རྒན་ཡག་པོ་ཞིག་རེད། སྔོན་ཆད་ང་ཚོ་སློབ་ཕྲུག་ཡིན་དུས་རྒན་ལགས་ཀྱིས་རང་གི་སློབ་མ་ཡེ་ཤེས་མཚོ་མོ་ཟེར་བའི་བུ་མོ་མཛེས་མ་ང་ཚོ་བུ་ཚང་མས་འགྲམ་ཆུ་ལྡང་ས་ཞིག་ཡོད་དེ་དང་ཕན་ཚུན་བརྩེ་དུང་གི་འབྲེལ་བ་ཆགས་པ་རེད། སློབ་གྲྭ་གྲོལ་རྗེས་རྒན་ལགས་ཀྱིས་མོ་སློབ་གྲྭའི་ཐང་སྟེང་དུ་ཁྲིད་དེ་ཟུར་ཁྲིད་གནང་གི་ཡོད་པ་ནི་རྒྱུན་ལྡན་གནས་ཚུལ་ཞིག་རེད།རྒན་ལགས་ཀྱིས་མོ་ལ་ཟུར་འཁྲིད་གནང་སྐབས་བཞུགས་བཀྱགས་ཤིག་གི་ཐོག་བཞུགས་ནས་ཞབས་གཡས་པ་གཡོན་པའི་གོང་བསྣོལ་ཏེ་གསང་མཚན་ཆེན་པོ་དེ་འོག་ཏུ་ཕྱུང་ནས་གཤམ་འོག་ཐང་སྟེང་དུ་བསྡད་པའི་སློབ་ཕྲུག་མཛེས་མ་ཡེ་ཤེས་སྒྲོལ་མས་མཐོང་བ་བྱས་ཏེ་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད་ཟེར། དེ་ནི་རྒན་ལགས་ཀྱི་ཆེས་གསང་བའི་ཐབས་ཤེས་ཤིག་ཡིན་པ་རེད། གནས་ཚུལ་དེ་སློབ་གྲྭ་ཡོངས་སུ་ཁྱབ་སྟེ་སློབ་ཕྲུག་རྒན་པ་ཚོས་དགེ་ལགས་ལ་ལྕགས་ཞྭ་ཞེས་མཚན་གསར་པ་ཞིག་གསོལ་བ་རེད། ལྕགས་ཞྭ་ཟེར་དོན་ནི་ཡེ་ཤེས་མཚོ་མོས་རྒྱུན་དུ་མཐོང་བའི་ཤམ་འོག་གི་མཇེ་འགོ་དེ་རྒྱ་གར་ཉེན་རྟོག་པའི་ལྕགས་ཞྭ་དང་འདྲ་པོ་ཡོད་པས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་མིང་དེ་ཉིད་རྒན་ལགས་ལ་མཚན་དེ་ལྟར་ཐོགས་པ་ཞིག་རེད།

རྒན་ལགས་ཀྱིས་བུ་མོ་དེ་ལ་ཤི་འཐམས་རོ་འཐམས་ཀྱི་བརྩེ་དུང་གིས་བདས་པའི་མཛའ་འབྲེལ་དེ་ཇེ་ཆེ་ཇེ་ཆེ་རུ་སོང་ནས་བར་ལམ་ཞིག་ལ་དགེ་ལགས་ཀྱིས་སངས་རྒྱས་ཀྱི་ན་བཟའ་ངུར་སྨྲིག་དེ་ཡང་ག་ལེར་ཟུར་ཁུག་ཅིག་ཏུ་བསྡུས་གསོག་བརྒྱབས་ནས་མི་སྐྱའི་ཆས་ལུགས་གྱོན་འགོ་བཙུགས།སློབ་གྲྭར་སྔོན་ཆད་དགེ་བཤེས་ལགས་ཞེས་གུས་གུས་ཞུམ་ཞུམ་ཞུ་སའི་དགེ་སློང་མཁས་པ་དེ་ཉིད་གློག་བུར་དུ་སྐྱ་ཆས་གོན་པའི་མི་ཕལ་པ་ཞིག་ཆགས་པ་རེད། དེ་ནས་བཟུང་དགེ་ལགས་ཀྱི་མཐོང་ཆགས་ནས་སྔོན་ཆད་དགེ་བཤེས་ལགས་ཞེས་དགེ་སློབ་ཚང་མས་བོས་ཀྱང་། ད་ནི་དགེ་ལགས་ཟེར་བ་ཙམ་ལས་དམིགས་བསལ་གྱི་མཐོང་དང་མཚན་གནས་ཚང་མ་ཆགས་ནས་དགེ་རྒན་བྱིངས་དང་འདྲ་བ་ཞིག་ཆགས་པ་རེད།

དགེ་ལགས་དང་ཡེ་ཤེས་མཚོ་མོ་གཉིས་ཀྱི་གནས་ཚུལ་དེ་ཕ་མས་ཤེས་ནས་བུ་མོ་ནང་དུ་ཁྲིད་དེ་བཞག དེ་རྗེས་དགེ་ལགས་ཀྱི་ནང་དུ་ཕ་མ་ལ་སློང་བར་སོང་ཡང་དགེ་ལགས་དང་བུ་མོའི་བར་ལ་དགུང་ལོའི་ཧེ་བག་ཆེན་པོ་ཡོད་ཙང་ཕ་མས་འདོད་པ་མེད་པར་བུ་མོ་དེ་བུ་གཞན་པ་ཞིག་ལ་མནའ་མོ་སྟེར། དེ་ནས་དགེ་ལགས་ཀྱིས་བསྐྱར་དུ་སློབ་ཕྲུག་བུ་མོ་ཞིག་དང་འབྲེལ་བ་གནང་ནས་མོ་དང་ཆ་ལ་ཆང་ས་བརྒྱབས། དེ་ནི་དགེ་ལགས་ཀྱིས་སྙིང་སྡུག་དངོས་མ་དེ་ག་ལ་ཡིན་འུ་ཐུག་ནས་དེ་དང་ལྷན་དུ་མི་ཚེ་བསྐྱལ་དགོས་བྱུང་བ་རེད། དེ་ནས་འཕྲོས་བཤད་ཙམ་རེད་ད་ནི་ཡེ་ཤེས་མཚོ་མོ་དང་དགེ་ལགས་ཀྱི་འཁྲབ་གཞུང་གི་མཇུག་བསྐྱལ་གྱི་ཡིན་ཀློག་པ་པོ་ཚོས་སྒྲུང་གི་རྩ་བའི་མདོ་རྩ་དེ་བརླགས་མི་ཉན་མཐུད་སྦྱོར་བྱེད་ཤེས་པ་གྱིས།

ཉིན་ཞིག་སིམ་ལ་ཆེ་བར་གློག་བརྙན་གྲགས་ཅན་ཞིག་སླེབས་པ་དང་། ང་དང་འཛིན་གྲྭ་བདུན་པ་བརྒྱད་པའི་སློབ་ཕྲུག་ཕོ་སར་ཁ་ཤས་དགོང་མོར་གློག་བརྙན་བལྟ་བར་འགྲོ་རྒྱུའི་གྲོས་ཐག་བཅད། ཁོ་ཚོས་མི་རེས་དེང་རབས་ཀྱི་ལྭ་བ་རིང་པོ་རེ་དང་གོར་ཞྭ་ནག་པོ་རེ། སྐེ་དཀྲིས་རེ་མིག་ཤེལ་ནག་པ་རེ་གོན་ཏེ་འགྲོ་ན་དགེ་རྒན་ལས་བྱེད་སུས་མཐོང་ཡང་དོ་སྣང་སྤྲད་ཀྱི་མ་རེད་ཅེས་གྲོས་བསྡུར་དེ་ལྟར་བྱས་ནས་དགོང་མོར་ཕྱིན། ལམ་བར་དུ་རྒན་རྟ་མགྲིན་བཟའ་ཚང་གཉིས་ཐུག་ཀྱང་ཁོ་གཉིས་ཀྱིས་ང་ཚོ་ངོ་ཤེས་མེད་ཅིང་། དེ་ནས་མར་ཙམ་ཕྱིན་པས་རྒན་ལྕགས་ཞྭ་དང་ཡེ་ཤེས་མཚོ་མོ་གཉིས་གཅིག་གི་ལག་པ་གཅིག་ལ་འཇུས་ནས་ཡོང་གི་ཡོད་པ་མཐོང་། ང་ཚོ་ཞེད་ཐག་ཆོད་དེ། ད་གང་དྲག་ཅེས་ཚམ་ཚོམ་དུ་གྱུར་སློབ་ཕྲུག་གཅིག་གིས་གང་ཡང་བྱེད་ཀྱི་མ་རེད། ཁར་ཐུག་ཁོང་གཉིས་ཀྱི་དཀྱིལ་ལ་གཤགས་ནས་སོང་ན་དོ་སྣང་སྤྲད་ཀྱི་མ་རེད་ཅེས་བཤད། དེ་ལྟར་ཐག་བཅད་དེ་ཕྱིན་པས་ང་ཚོ་ཕར་ཙམ་སླེབས་པ་དང་རྒན་ལགས་ཀྱིས་དོགས་པ་ཟ་ནས་ “ཝ་ཡེ་ངས་ཁྱོད་ཚོ་ངོ་ཤེས་སོང་ལྟ།” ཞེས་སྐད་ཐེངས་ཤས་བརྒྱབས་སོང་། དེ་ནས་ང་ཚོ་ཡང་འགྲོ་མི་ཕོད་པར་གོང་གི་ཤིང་ནགས་གསེབ་ནས་སྐོར་བ་བརྒྱབས་ཏེ་རྒན་ལགས་ཀྱི་སྔོན་དུ་སློབ་གྲྭ་འབྱོར་ཐུབ་པ་བྱུང་། སློབ་གྲྭར་འབྱོར་བ་དང་སློབ་གྲྭའི་སྒོ་ཆེན་སར་རྩེད་མོ་བརྩེས་ནས་བསྡད་པས། རྒན་ལགས་ཕེབས་བྱུང་ང་ཚོར་ད་ཅི་འདི་རུ་སློབ་ཕྲུག་སུ་སུ་ཐོན་སོང་ཞེས་ང་ཚོ་ལ་བཀའ་འདྲི་གནང་། ང་ཚོས་སུ་གང་འགྲོ་མ་སོང་” ལབ་པ་ཡིན། ཡ་ཡ་ཁྱོད་ཚོས་མ་བཤད་ན་སྐྱོན་ཡོད་མ་རེད། ངས་ཏོག་ཙམ་ནས་བརྩི་བཤེར་གཏོང་གི་ཡིན་ཨེ་ནས་ཧ་གོ་ཡོང་” གསུངས་ནས་གཟིམ་ཤག་ཏུ་ལོག་ཕེབས་སོང་།

དེ་ནས་ཏོག་ཙམ་གྱིས་ཏིང་ཏིང་བརྡུངས་ནས་སློབ་ཕྲུག་ཚང་མ་ཚོགས་ཁང་དུ་བསྐངས་སོང་། དགེ་ལགས་ཀྱི་མཚན་ཐོ་བཀླགས་ཏེ་བརྩི་བཤེར་བཏང་ཡང་སློབ་ཕྲུག་གཅིག་ཀྱང་མ་ལུས་པ་ཚང་མ་སླེབས་འདུག དེ་ནས་དགེ་རྒན་ལྕགས་ཞྭ་ལགས་ཀྱིས་ཁྱོད་ཚོས་ང་མགོ་སྐོར་བཏང་སོང་ངས་ག་ལེར་ག་ལེར་ཞིབ་འཇུག་བྱེད་ཀྱི་ཡིན་ལས་སླ་པོ་བཞག་གི་མིན་གསུངས་ནས་སློབ་ཕྲུག་ཚོ་ཉལ་ཁང་དུ་ལོག་བཏང་ནས་ཁོང་ཡང་གཟིམ་ཤག་ཏུ་ཕེབས་སོང་།

སང་ཉིན་སློབ་གྲྭ་ཚུགས་ནས་འཛིན་གྲྭ་ནང་དུ་ང་ཚོ་བུ་ཁ་ཤས་ཡེ་ཤེས་མཚོ་མོའི་འགྲམ་དུ་སོང་ནས་ཡེ་ཤེས་མཚོ་མོ་ལ་མདང་དགོང་ལམ་ཁར་ཐུག་མཁན་ང་ཚོ་ཡིན་ཁྱེད་ཀྱིས་རྒན་ལགས་ལ་གནས་ཚུལ་དེ་རྩད་གཅོད་མེད་པར་གཡུགས་བཞག་ན་ཡག་གི་རེད། དེ་མིན་ན་ཁྱེད་རང་གཉིས་ཀྱང་ལག་སྦྲེལ་བྱས་ཏེ་ཕེབས་ཡོང་གི་མི་འདུག་གམ་དགེ་རྒན་དང་དགེ་ཕྲུག་དགའ་རོགས་བསྒྲིགས་པ་དེ་སློབ་གྲྭ་ཁྲིམས་དང་དངོས་སུ་འགལ་བ་ཞིག་མ་རེད་དམ། གནས་ཚུལ་དེ་ང་ཚོས་བོད་སློབ་འཛིན་སྐྱོང་ཚོགས་པའི་ལས་ཁུངས་ཨ་མ་ལ་སྐྱེལ་ཐག་ཆོད་ཡིན། རྒན་ལགས་ཀྱིས་གང་ཡང་མ་གསུངས་པར་གནས་ཚུལ་དེ་སྦས་བཞག་ན་ང་ཚོ་ཡང་དེ་ལུགས་བསམ་བློ་བཏང་གི་ཡིན་ཞེས་ཡེ་ཤེས་མཚོ་མོ་བརྒྱུད་དེ་དགེ་ལགས་ལ་ཉེན་བརྡ་ཞིག་བཏང་པས་རྒན་ལགས་ཀྱིས་གང་ཡང་མ་གསུངས་པར་ང་ཚོ་དགོང་མོར་ལམ་ཀར་ཐུག་པའི་གནས་ཚུལ་དེ་སུ་ལའང་མ་གསུངས་པར་བསྐྱུར་བཞག་དགོས་པ་ཞིག་ང་ཚོས་བཟོས་མྱོང་བ་རེད་” ཧ་ཧ་་་་ཧཧ་་་་་་ཧཧ་” ་་་ཞེས་ང་གཉིས་གད་མོ་རེ་དགོད་ཅིང་ད་ཅི་སྒྲུང་ནང་བཤད་པའི་སློབ་གྲྭའི་སྒོ་ཆེན་དེར་སླེབས་པ་དང་ང་གཉིས་གཅིག་གིས་གཅིག་ལ་གུས་ལུགས་ཀྱི་རྣམ་པས་གཟིམ་འཇགས་གནང་གོ་ཞེས་སོ་སོའི་ཤག་ཏུ་ལོག ངས་བསམ་བློ་ཞིག་བཏང་རྗེས་གནས་ཚུལ་དེ་སྒྲུང་ཐུང་ལྟ་བུ་ཞིག་བཟོས་ཏེ་དྲ་ཐོག་བཏང་ན་དྲ་གྲོགས་མང་པོ་ཞིག་ལ་མིག་གི་དགའ་སྟོན་དང་ཡིད་ཀྱི་ལོངས་སྤྱོད་ཅིག་ཏུ་འགྱུར་ངེས་སྙམ་སྟེ་བྲིས་སོ།།

༢༠༡༠ཟླ་བ་༠༩ཚེས་༡༩དགོང་མོར་སིམ་ལ་གཏན་སློབ་རང་ཤག་ཞི་བདེའི་དགའ་ཚལ་དུ་བྲིས།