བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་གསལ་བསྒྲགས།
སྐབས་དེར་བཀའ་ཁྲིའི་འོས་མི་༦ དང་། ཆོལ་ཁ་རེའི་སྤྱི་འཐུས་ཀྱི་འོས་མི་༥༠། ཆོས་བརྒྱུད་ཁག་དང་། ཨ་རི། ཡོ་རུབ་བཅས་ནས་འོས་མི་༡༠། རེ་གསལ་བསྒྲགས་བྱས་པ་དང་། ཉིན་༢༠ ནང་ལ་བཀའ་ཁྲིའི་འོས་མིའི་ནང་ཞུགས་རྒྱུ་ཡིན་མིན་དང་། སྤྱི་འཐུས་ཡིན་ན་ཟླ་བ་༢ ཀྱི་སྔོན་ལ་འོས་མི་སོ་སོ་འོས་ཁོངས་སུ་ཞུགས་རྒྱུ་ཡིན་མིན་ཐག་གཅོད་གནང་རྗེས། མཐའ་མའི་དངོས་གཞིའི་འོས་མི་༢༠ ཙམ་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད།
སྔོན་འགྲོའི་བཀའ་ཁྲིའི་འོས་མིའི་ནང་མཁས་དབང་བློ་བཟང་སེང་གེ་ལ་འོས་གྲངས་༢༢༤༨༩ དང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་༡༢༣༡༩ རྒྱ་རི་སྒྲོལ་མ་ལ་༢༧༣༣ བཀྲ་ཤིས་དབང་འདུས་༢༡༠༡ བློ་བཟང་སྦྱིན་པ་༡༥༤༥ འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལ་༦༠༥ བཅས་ཡིན་པ་རེད།
{jcomments on}