དབྱངས་གསལ་ལས་མཆེད་པའི་སྙན་དངགས།

 


ཅ་ཅོ་ཆེ་བའི་འཛིན་གྲྭར་དུས་རྒྱུན་དུ་སོང་ཡང༌།།

ཆ་རྒྱུས་མེད་པའི་སློབ་ཕྲུག་མ་རབས་དང་མ་འགྲོགས།།

ཇ་ཆུང་སྦྲིད་སྨན་ཉལ་ཐ་རྫས་ངན་གྱི་དྲི་མས།།

ཉ་ཟླ་ལྟ་བུ་མ་གོས་དྭངས་གཙང་ཞིག་བྱ་དགོས།།

ཏཱ་ལའི་བླ་མས་ཆོས་རིག་སྐད་ཡིག་གི་རྣམ་གཞག།།

ཐ་སྙད་ནང་དོན་་འཛིན་སྐྱོང་སྤེལ་གསུམ་གྱི་ལས་རིགས།།

ད་ལྟ་ལམ་སང་ལུང་དང་རིགས་པ་ལ་བརྟེན་ནས།།

ན་གཞོན་ཁྱོད་ཚོར་སྦྱོང་བརྩོན་བྱ་དགོས་ཞེས་གསུངས་ཡོད།།

པ་སངས་ལྟ་བུ་ལྷག་བསམ་འོད་སྣང་དེ་ཁྱེར་ནས།།

ཕ་ཤུལ་བུ་འཛིན་ཡབ་མེས་སྲོལ་བཟང་ལ་ཞུགས་ཤིག།

བ་ཕྱུག་སེམས་ཅན་ལས་ལྷག་ང་ཚོ་ཡི་རྣམ་དཔྱོད།།

མ་རྒན་འགྲོ་བའི་དོན་དུ་བདེན་དོན་ལ་གཞོལ་དང༌།།

ཙ་རིར་གནས་སྐོར་འགྲོ་བའི་སྲོལ་བཟང་ཞིག་མཆིས་ཀྱང༌།།

ཚ་གྲངས་དམྱལ་བར་ཁེགས་པའི་གདུང་ཚོད་དེ་མི་འདུག།

ཛ་ཡ་སངས་རྒྱས་གོ་འཕང་འཐོབ་འདོད་ཅིག་ཡོད་ན།།

ཝ་ལེ་ཝལ་ལེ་གསུང་རབ་ཚིག་དོན་དེ་ཟུངས་ཤིག།

ཞ་བོ་ནད་པ་མགོན་མེད་ཉམ་ཐག་གི་རིགས་ལ།།

ཟ་་མ་ཟང་ཟིང་དངོས་པོས་རོགས་ཕན་ཞིག་བྱས་ན།།

འ་ཅག་བོད་རིགས་སྤུན་ཟླའི་ཡབ་མེས་ཀྱི་རིག་གཞུང༌།།

ཡ་རབས་ལུགས་སྲོལ་བཟང་པོ་ཡོད་གོ་དེ་ཆོད་ཡོང༌།།

ར་བ་གངས་རིས་སྐོར་བའི་ཕ་ས་ཡི་ཆེད་དུ།།

ལ་དོན་སྐད་ཡིག་གནད་རྣམས་ཞིབ་ཚགས་ཤིག་སྦྱོངས་དང༌།།

ཤ་རུས་སྤུན་ཟླ་གཅིག་པའི་བོད་རིགས་ལ་སྨན་པའི།།

ས་གཞི་འཇིག་རྟེན་ཡངས་པོར་དེ་ལྷག་ཅིག་གང་ཡོད།།

ཧ་ཧ་གཏན་འཇགས་སློབ་གྲྭའི་ཡིག་ཚང་གི་ནང་ནས།།

ཨ་ཨ་ཀ་ཕྲེང་རྩོམ་ཡིག་འབྲི་ཐབས་ལ་བརྟེན་ནས།།

བརྩེ་བའི་སློབ་ཕྲུག་ཕོ་མོའི་མདུན་ལམ་གྱི་སློབ་སྟོན།།

དགེ་མིང་ཁོ་བོས་བྲིས་པར་གཟིགས་མོ་ཞིག་གྱིས་ཤིག།

ཨི་ལྡན་ཚིག་ཕྲད་སུམ་རྟགས་སྙན་ངག་གི་གནད་ལ།།

ཨུ་ཚུགས་ནན་ཏན་རྟག་གུས་སྦྱོར་བ་ཡིས་འཇུག་ན།།

ཨེ་ནི་བོད་ཀྱི་སྲོག་རྩ་སྐད་ཡིག་གི་དབུགས་སྲོག།

ཨོ་ལོ་གཞོན་སྐྱེས་ཁྱོད་ཚོའི་སྙིང་དབུས་སུ་བརྒྱུད་ཡོང་།།


རྩོམ་འདིའི་འབྲི་སྟངས་ནི་ཚིག་རྐང་རེ་རེ་མགོར་ཀ་ཕྲེང་དང་ཨ་ཕྲེང་བསྒྲིགས་ཤིང་ཚེག་དབར་ཆ་བཞིའི་རྗེས་ཚིག་ཕྲད་རེ་འཇོག་ཅིང་སླར་ཡངཚེག་དབ་ཆ་གཅིག་གིས་བརྩམས་པའི་ཐུན་མིན་གྱི་ཁྱད་ཆོས་འདི་ལྟ་ཡོད་དོ།།

 

2010ལོའི་སློབ་གྲྭའི་ལོ་འཁོར་དུས་དེབ་ཐོག་བཀོད་པ་སླར་ཡང་དྲ་ཐོག་ཏུ་

 

གཟིགས་འབུལ་ཞུས།