སྤྲིན་པའི་རྒྱབ་ཀྱི་ཉི་མ།
༧གོང་ས་མཆོག་གི་མཛད་རྣམ་གཞིར་བཞག་ནས་འཁྲབ་ཡོད་པས། ཧ་ཅང་གི་ཡག་པོ་དང་སྙན་གྲགས་ཆེན་པོ་ཆགས་ཡོད་པ་རེད། དེ་མིན་བོད་ཀྱི་སྐོར་ལྟད་མོ་མང་པོ་ཞིག་རྩ་དོན་འཐབ་རྩོད་གཞིར་མི་འཇོག་པར། གཙོ་བོ་ཚོང་ལས་ལ་དམིགས་ནས་བཟོས་པ་མང་པོ་རེད། ལྟད་མོ་དེ་དག་ལ་དྭགས་ཀྱི་ས་ཁུལ་ཁག་དང་བྱང་ཐང་གི་འབྲོག་སྡེ་ཁག་ཏུ་འཁྲབ་སྟོན་བྱས་པ་དང། བོད་ཀྱི་འཚོ་བ་མཚོན་ཐབས་སུ་ཡུལ་ལུང་དེ་དག་གི་གོམས་སྲོལ་ལེན་ཐབས་མང་པོ་བྱས་ཡོད་པས། འཁྲབ་སྟོན་པ་རྣམས་ཀྱི་མདོག་ཆེད་དུ་དོད་མའི་མིའི་རྣམ་པ་སྟོན་ཐབས་དང། དེ་བཞིན་ཤ་ཟ་རྒྱུར་དགའ་བ། འཕྲོད་བསྟེན་མེད་པ་སོགས་གཙོ་བོ་བཟུང་ཡོད། ད་ལྟའི་སྐབས་ཀྱི་བོད་པའི་འཚོ་བ་དེ་འདྲའི་རིགས་ཉུང་ཉུང་རེད། བོད་པ་ཟེར་བ་གོ་མི་མྱོ་མཁན་གྱི་ལུང་པའི་ནང་ལྟད་མོ་དེའི་རིགས་ཁྱབ་བསྒྲགས་ཐོག་མར་བྱས་སྐབས། ལུང་པ་དེ་དང་དེའི་མི་ལ་ཤུགས་རྐྱེན་ལྡོག་ཕྱོགས་ནས་ཐེབས་སྲིད་པ་རེད་དྲན་གྱི་འདུག
