དོན་གྱི་མཛངས་མ་ཨང་སན་སུ་ཅི།
༡༩༦༠ལོར་ཁོང་གི་ཨ་མ་ལྡི་ལིར་རྒྱ་གར་དང་བལ་པོ་གཉིས་ཀྱི་གཞུང་ཚབ་ཏུ་བསྐོས་སྟབས།ཁོང་མོའང་ཨ་མའི་མཉམ་དུ་ལྡི་ལི་ལ་བསྐྱོད་ཅིང།་དེར་ཀོན་ཝིན་ཀྲི་རྗེ་སད་སི་དང་མེ་རི་ནས་གཞི་རིམ་སློབ་གྲྭ་ཐོན་པ་དང།་ལྡི་ལི་སློབ་གྲྭ་ཆེན་མོའི་ཁོངས་ཀྱི་ལེ་ཀྲི་ཤྲི་རམ་མཐོ་སློབ་ཏུ་སློབ་སྦྱོང་བྱས།
ཕྱི་ལོ་༡༩༦༤ནས་༡༩༦༧བར།ཨོག་སེ་ཕོགས་སློབ་གྲྭ་ཆེན་མོའི་ཁོངས་སེན་ཀྲ་ཧེའུས་མཐོ་སློབ་ཏུ་མཚན་ཉིད་རིག་པ་དང།སྲིད་དོན་རིག་པ།དཔལ་འབྱོར་རིག་པ་བཅས་ལ་སློབ་སྦྱོང་བྱས་ཏེ་ཐོག་མར་སྦིས་ཨེB.A་ཡི་ཤེས་ཚད་དང།་དེ་རྗེས་ཨེམ་ཨེའི་M.Aཤེས་ཚད་ཀྱི་ལག་འཁྱེར་ཐོབ།༼༡༩༩༠ལོར་ཁོང་རང་ཨོག་སེ་ཕོག་སློབ་གྲྭ་ཆེན་མོའི་མཚན་གཉིས་ཅན་གྱི་ཚོགས་མིར་བསྐོས།༽
ཕྱི་ལོ་༡༩༦༩ནས་༡༩༧༡བར།ནིའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་ཚང་དུ་འཛིན་སྐྱོང་དང་སྔོན་རྩིས་སློབ་སྟོན་ཚོགས་ཆུང་གི་ནང་དུ་དྲུང་ཆེ་གཞོན་པའི་འགན་ཁུར།
ཕྱི་ལོ་༡༩༧༢འབྲུག་གཞུང་ཕྱི་སྲིད་ལས་ཁུངས་སུ་ཞིབ་འཇུག་ལས་ཁང་དུ་ཕྱག་ལས་གནང་བ་དང།ལོ་དེར་མའེ་ཁཱེལ་ཨའེ་རི་སི་དང་གཉེན་སྒྲིག་བྱས།
ཕྱི་ལོ་༡༩༧༣བུ་དང་པོ་ཨེ་ལེག་ཟན་དྲར་༼མ་ཡན་སན་ཨང༽ལོན་ཀྲོན་ལ་སྐྱས།
༡༩༧༧བུ་གཉིས་པ་ཀིམ་༼ཧི་ཏྲིན་ལེན༽ཨོག་སི་ཕོགས་ལ་སྐྱེས།
༡༩༨༥ལོ་ནས་༡༩༨༦ལོ།ཉི་ཧོང་གི་ཆོ་ཏོ་སློབ་གྲྭ་ཆེན་མོའི་ལྷོ་ཤར་ཨེ་ཤ་ཡ་ཞིབ་འཇུག་སྡེ་ཚན་དུ་གདན་ཞུའི་མཁས་པའི་གདན་དྲངས།
༡༩༨༧ལོ་སིམ་ལར་ཡོད་པའི་རྒྱ་གར་ཆེས་མཐོའི་ཞིབ་འཇུག་ཁང་གི་ཚོགས་མི།
༡༩༨༨ལོ་ཕྱི་ཟླ་༩ཚེས་༢༤འབར་མ་རྒྱལ་ཡོངས་དམངས་གཙོ་ལྷན་ཚོགས་འཛུགས་མིའི་ཁོངས་མི་དང་དྲང་ཆེ།
༡༩༨༨ཕྱི་ཟླ་༡༠ནས་༡༩༨༩ཟླ་༩བར།འབར་མ་རྒྱལ་ཡོངས་དམངས་གཙོ་ལྷན་ཚོགས་ཀྱི་འགོ་འཁྲིད་ཡན་པའི་ངོས་ནས་འོས་ཐོབ་འགྲན་རྩོད་ཀྱི་ཆེད་དུ་འགྲུལ་སྐྱོད་བྱེད་སྐབས།རང་སྒུན་དང་སྦུ་སྒོ།མྱུ་རྒུ་ཝེ།སད་རྒ་ཨིན།མན་དྷ་ལེ།མོ་ལ་མྱེན།་ཐུ་ཝེ།་མེར་རྒེ་།་པག་ཀོ་ཞུ་།་ཏ་འངུ་འཇི།་ཅའུཔ་སྡུང།་མོ་ཉི་ཝ།་མྱེན་མུ།་མྱིད་ཅིན་སོགས་སུ་མི་དམངས་འདུ་འཛོམས་སར་གཏམ་བཤད་ཐེངས་སྟོང་ཕྲག་ལྷག་ལ་གནང།
༡༩༨༩ཟླ་༧ཚེས་༢༠ལ།་རྒྱལ་ཁབ་ཀྱི་ཁྲིམས་དང་བདེ་འཇགས་སླར་གསོ་ཚོགས་ཆུང།(SLORC)་གིས་ཁོང་རང་རང་ཁྱིམ་དུ་བཟང་བཙོན་དུ་བཅུགརྒྱལ་སྤྱི་ནག་ཉེས་གུ་ཡངས་ཚོགས་པས་ཁོང་པ་མོས་འདུན་གྱི་བཙོན་པ་ཞིག་ཏུ་ངོས་འཛིན་བྱས།
༡༩༩༠ཕྱི་ཟླ་༥ཚེས་༢༧ལ།ཁོང་རང་མུ་མཐུད་ནས་བཟང་བཙོན་དུ་གནས་ཡོད་ཀྱང།་རྒྱལ་ཡོངས་དམངས་གཙོ་ལྷན་ཚོགས་ལ་རྐུབ་སྟེགས་བརྩོན་ལེན་བྱས་པའི་ནང་ནས་བརྒྱ་ཆེའི་བརྒྱད་ཅུ་གྱ་གཉིས་ཐོབ་སྟེ་ཁོང་ཚོར་རྒྱལ་ཁ་ཆེན་པོ་ཐོབ།་ཡིན་ཡང་ནང་རྒྱལ་སྤྱི་ཐོག་གི་སྐྱོན་བརྗོད་ལ་སྣང་མེད་ཀྱིས་ཁོང་རང་བཟང་བཙོན་ནས་མ་གློད་པ་མ་ཟད།་སྲིད་དབང་དེ་མི་དམངས་ཀྱིས་གཞུང་ལ་རྩིས་སྤྲོད་མ་བྱས།
༼གོང་གསལ་ལྕམ་སྐུ་མཆོག་གི་ལོ་རྒྱུས་མདོར་བསྡུས་དེ་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་དཔར་སྐྲུན་བྱས་པའི་དཔེ་དེབ།འཇིགས་ཞུམ་བྲལ་བའི་རང་དབང།་ཞེས་པ་ནས་བཏུས།༽
ཕྱི་ལོ་༢༠༡༠ཟླ་༡༡ཚེས་༡༣ཉིན་འབར་མའི་དམངས་གཙོའི་ལས་འགུལ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ཨང་སང་སུ་ཅི་ལགས་འབར་མའི་དྲག་པོའི་སྲིད་གཞུང་ནས་བཟང་བཙོན་ནས་གློད་བཀྲོལ་བཏང་ཡོད་པ་དང།ཁོང་མོ་ད་བར་བཟང་བཙོན་ལོ་ངོ་བདུན་རིང་བཙུད་ཡོད་ཀྱང།འབར་མའི་མི་དམངས་ཀྱི་རང་དབང་དང་དམངས་གཙོའི་ཆེད་དུ་སྒེར་གྱི་ཡོངས་རྫོགས་བློས་བཏང་མཛད་ཡོད་པ་རེད།ཁོང་མོ་གློད་བཀྲོལ་བྱུང་རྗེས་སུ་དགའ་བསུ་ཞུ་མཁན་གྱི་མི་དམངས་འབོར་ཆེན་ལ་གསུངས་བཤད་ཐོག་མའི་ནང་ལའང་ཁོང་མོས་གྲ་སྒྲིག་འཐུས་ཚང་ཡོད་པའི་སྒོ་ནས།་མ་འོངས་པར་འབར་མའི་དམངས་གཙོ་དོན་གཉེར་ཅན་གཞན་ཡོངས་དང་འབྲེལ་མཐུད་ཀྱིས་དམངས་གཙོའི་བྱ་བཞག་གི་ལས་འགུལ་མུ་མཐུད་སྤེལ་གྱི་ཡིན་ལུགས་གསུངས་འདུག
ལྕམ་སྐུ་ཨས་སང་སུ་ཅི་ནི་ཨེ་ཤི་ཡའི་ནང་རང་དབང་དང་དམངས་གཙོ་བརྩོན་ལེན་ལོ་མང་གནང་བའི་མཐར་ནོ་བེལ་ཞི་བདེའི་གཟིངས་རྟགས་ཀྱི་བདག་མོ་གྱུར་བ་དེ་ནི་ཁོང་མོར་དྲག་པོ་དང་གདུག་རྩུབ་ཅན་ཚོས་ཕྱི་ནང་གསང་གསུམ་གྱི་ལོག་ལྟ་དང་གནོད་སྐྱོན་གང་འདྲ་བཏང་ཡང་བདེན་པར་རྒྱལ་ཁ་ཐོག་མར་ཐོབ་པའི་དན་རྟགས་ཤིག་དང།ད་ཐེངས་རང་དབང་དང་བདེན་པར་དུང་བ་ཟབ་པའི་མི་རྣམས་ཀྱི་སེམས་ནང་ལྕམ་སྐུ་གློད་གྲོལ་ཐོབ་པའི་དབྱར་སྐྱེས་རྔ་སྒྲ་ལྟར་གྱི་གཏམ་བཟང་དེ་ནི་དགའ་སྤྲོའི་དུས་བཟང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།