ང་རྡོ་རྗེ་གླིང་དུ་སླེབས་པའི་ཉིན་དང་པོ།

མང་ཆེ་བ་བལ་ཡུལ་ནས་མཆེད་པའི་གོར་ཁའི་མི་རིགས་རེད་འདུག ཕོ་གསར་མོ་གསར་ཚོའི་གདོང་དང་ཆས་གོས་གྱོན་སྟངས་སོགས་དེང་སང་གི་བོད་པའི་ཕོ་གསར་མོ་གསར་ཚོ་དང་གཅིག་མཚུངས་རེད། བོད་པ་རེད་འདུག་བསམ་དུས་བལ་སྐད་རྒྱག་གི་འདུག ཡང་འགའ་རེ་བལ་རིགས་རེད་འདུག་བསམ་དུས་བོད་སྐད་རྒྱག་གི་འདུག གང་ལྟར་བལ་རིགས་དང་བོད་རིགས་གཉིས་གདོང་དང་ཆས་གོས་ཀྱིས་དབྱེ་བ་ཕྱེས་ཐུབ་ཀྱི་མི་འདུག འདིར་ང་ལ་བོད་པའི་ཕོ་གསར་སྔོན་མ་ས་གནས་གཞོན་ནུའི་ལས་ཀ་བྱེད་མྱོང་མཁན་ཞིག་དང་གྲོགས་པོ་ཆགས་སོང། ངེད་གཉིས་དབར་ད་ལྟའི་འགྲོ་བཞིན་པའི་བཀའ་སྤྱི་གཉིས་ཀྱི་འོས་ཤོག་སྐོར་སྐད་ཆ་མང་པོ་བྱུང་སོང་བས། མཐར་ཁོང་གིས་ང་ལ། རྡོ་རྗེ་གླིང་ནང་ཡོད་པའི་བོད་པའི་ཕོ་གསར་ང་འདྲ་བ་མང་ཆེ་བས་འོས་ཤོག་འཕེན་ཐུབ་ཀྱི་མ་རེད་ཟེར། ངས་རྒྱུ་མཚན་གང་རེད་ཞུས་པས། ཁོང་གིས་ང་ཚོ་སྐུ་ངོ་གཞིས་འགོ་སར་སོང་ནས་དེབ་ལྗང་ཁུ་བཟོ་རོགས་གྱིས་ཟེར་ནས་རེ་བ་ཞུས་ཀྱང། ཁོང་གིས་R.C འཁྱེར་ཤོག་ཟེར་ནས་བཟོ་མ་སོང་འདིར་ང་འདྲ་བ་ཚང་མ་རྒྱ་གར་གྱི་ལག་འཁྱེར་ཡོད་པས་ཨར་སི་ཡོད་མ་རེད། དེ་ནས་ཐབས་ཤེས་གང་ཡང་མི་འདུག་འོས་ཤོག་བློས་བཏང་པ་ཡིན་ཞེས་གསུངས་བྱུང། རྡོ་རྗེ་གླིང་གི་ས་ཁུལ་འདིར་བོད་མི་རྣམས་ཁ་འཐོར་ནས་བསྡད་འདུག་ལ་སྐད་ཀྱང་མང་ཆེ་བས་བལ་སྐད་རྒྱག་གི་འདུག བོད་མི་རྣམས་ཀྱིས་བོད་སྐད་རྒྱག་སྐབས་བལ་པོའི་སྐད་ཀྱི་སྒྲ་གདངས་གསལ་པོ་ཐོན་གྱི་འདུག སྐད་ཆའི་ཚིག་མཇུག་དེ་བཅད་པའི་སྐབས་གདངས་རིང་པོ་ཞིག་འཐེན་ནས་མཐར་ལོ་ལོ་ལོ་ཟེར་ནས་ཧ་ལམ་ཚིག་གཅིག་ལ་ལོ་གཉིས་གསུམ་རྒྱག་གི་འདུག  ཝ་ནགས་གཙུག་ལག་སློབ་གྲྭའི་རྒན་དམ་པ་སློབ་དཔོན་པད་མ་རྒྱལ་མཚན་གྱིས། བོད་པས་ཚིག་མཇུག་ཏུ་ལོ་ཟེར་བའི་ཚིག་བེད་སྤྱོད་གཏོང་སྲོལ་ཡོད་པ་བལ་སྐད་རེད་ཅེས་གསུངས་འདུག་པ་དེ། ས་གནས་འདིར་ཡོང་ན་དངོས་གནས་བལ་སྐད་ཡིན་པ་རང་ཤུགས་ཀྱིས་ཚོར་གྱི་འདུག འདིར་ཡོད་པའི་བོད་མི་ཚོར་སེམས་ཚབས་ཤིག་ཡོད་པ་ནི་ས་གནས་འདིར་བལ་རིགས་གོར་ཁ་ཧ་ཅང་མང་པོ་ཡོད་པ་དང་བལ་རིགས་འདི་ཚོས་གོར་ཁ་ལ་ལོགས་སུ་མངའ་སྡེ་དང་ས་གནས་ཁ་གཙང་དགོས་ཀྱི་ཡོད་ཟེར་ནས་གཞུང་ལ་ངོ་རྒོལ་བྱེད་ཀྱི་འདུག ཉིན་རེ་བཞིན་སྐད་འབོད་རྒྱག་མཁན་དང་ཛ་དྲག་རླངས་འཁོར་དུང་སྐད་ཅན་དེ་ཡང་ཡང་འགྲོ་ཡི་འདུག བལ་རིགས་གོར་ཁར་ཚོ་སྐད་འབོད་ལ་འགྲོ་སྐབས་བོད་པ་ཚོའང་མཉམ་དུ་འགྲོ་དགོས་ཀྱི་འདུག དེ་མིན་གྱི་མི་རིགས་འགའ་ཡོད་པ་ཚོའང་མཉམ་དུ་འགྲོ་དགོས་ཀྱི་འདུག རྡོ་གླིང་གི་ལམ་བར་དུ་རྡོ་དང་བྲག གྱང། ཕྲེད་དར་སོགས་སུ་དབྱིན་ཡིག་གི་ཐོག་ནས་ང་ཚོར་ཁོར་ཁར་གྱི་ས་ཆ་དགོས་ཀྱི་ཡོད་we want Gorkha landཟེར་ནས་བྲིས་པ་མང་པོ་མཐོང་རྒྱུ་འདུག རྡོ་དང་བྲག་ངོས་ཀྱི་ཡི་གེ་དེ་དག་མཐོང་པ་ཙམ་གྱིས་ས་ཆའི་འཐབ་རྩོད་ཡོད་པ་རང་བཞིན་གྱིས་ཚོར་གྱི་འདུག བོད་པ་ཚོས་ཟེར་ན་གལ་སྲིད་གོར་ཁ་ལ་ས་ཆ་འདི་ཁ་གཙང་ཐོབ་ན་འདིའི་ནང་ཡོད་པའི་བོད་རིགས་དང་དེ་མིན་གྱི་མི་རིགས་གཞན་དག་ཕྱིར་ཕུད་གཏོང་སྲིད་པ་རེད། སྔོན་མ་གོར་ཁའི་དཔོན་རིགས་འགས་བོད་པ་ཕྱིར་ཕུད་གཏོང་རྒྱུའི་ལས་འཆར་སྒྲིག་མྱོང་ཡོད་པ་རེད་ཅེས་ཤོད་ཀྱི་འདུག ཡུལ་ཁྲིམས་ལྟ་བུས་བོད་པ་ཚོ་ངོ་རྒོལ་སྐབས་འགྲོ་ཡི་ཡོད་པ་ལས་བོད་མི་ཚོར་ས་གནས་འདི་ཁ་གཙང་དགོས་ཀྱི་མེད་ཚོད་འདུག ཉེ་དུས་གོར་ཁ་ནང་ཁུལ་དུ་གསོད་རེས་བྱས་པའི་སྐོར་ཡང་མང་པོ་ཤོད་ཀྱི་འདུག གོར་ཁའི་བྱེད་སྟངས་དང་གཤིས་ལུགས་སོགས་བོད་པ་དང་ཧ་ཅང་འདྲ་པོ་འདུག ས་གནས་འདིར་ཡོད་པའི་རྒྱ་གར་བ་ཚོ་ཧ་ཅང་གི་ཉམ་ཆུང་རེད་འདུག ཁོར་ཁའི་ཕོ་གསར་མོ་གསར་ཚོའི་སྐད་ཆ་ཤོད་སྟངས་དང་རྣམ་འགྱུར་སྟོན་སྟངས་ལ་བལྟས་ན་ས་གནས་རྒྱ་གར་བ་ཚོ་མཐོང་ཆུང་བྱེད་ཡུལ་ལྟ་བུ་རེད་འདུག ངས་དྷ་སའི་རྒྱ་གར་བ་ཚོ་འདི་འདྲའི་ཉམ་ཆུང་ཡིན་ན་དགའ་བ་ལ་ཨང་བསམ་བྱུང།