ལོ་གཉིས་རྗེས་སྲོག་ཐོག་གཏོང་རྒྱུའི་བསོད་ནམས་ཚེ་རིང་།

tsewanggyurmeysonamtseringསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བསོད་ནམས་ཚེ་རིང་གིས་ཞི་རྒོལ་ནང་གི་གཙོ་བོའི་སྣེ་འཁྲིད་བྱེད་མཁན་ཡིན་པའི་ཉེས་མིང་བཏགས་ནས་ལོ་གཉིས་རྗེས་སུ་སྲོག་ཁྲིམས་གཅོད་རྒྱུའི་ཐག་གཅོད་བྱས་ཡོད་པ་མ་ཟད། ཁོང་གི་ཕ་མ་གཅིག་པའི་སྤུན་མཆེད་ཚེ་དབང་འགྱུར་མེད་ལ་དུས་བཀག་བཙོན་འཇུག་ལོ་༥ དང་། དེ་བཞིན་དཔལ་ཡུལ་ནས་ཡིན་པ་བཀྲིས་ཆོས་སྒྲོན་ལ་དུས་བཀག་བཙོན་འཇུག་ལོ་བདུན། སྨར་ཁམས་ནས་ཡིན་པ་སྒྲོལ་དབྱངས་ལ་དུས་བཀག་བཙོན་འཇུག་ལོ་བཞི། ཀོང་པོ་ནས་ཡིན་པ་ག་གཡང་ངམ་སྐལ་དབྱངས་ལ་དུས་བཀག་བཙོན་འཇུག་ལོ་བདུན། ལྷ་ས་ནས་ཡིན་པ་ཨ་ནེ་ཡེ་ཤེས་མཚོ་མོར་དུས་བཀག་བཙོན་འཇུག་ལོ་ལྔ། ལྷ་ས་ནས་ཡིན་པ་བཀྲ་དབྱངས་ལ་དུས་བཀག་བཙོན་འཇུག་ལོ་ལྔ། ལྷ་ས་ནས་ཡིན་པ་སྒོ་རའི་ཙུའུ་ཀྲང་(འགོ་འཛིན) པ་སངས་ཚེ་རིང་ལ་དུས་བཀག་བཙོན་འཇུག་ལོ་༡ བཅས་ཁྱོན་་བོད་མི་བདུན་ལ་བསོད་ནམས་ཚེ་རིང་འགེབས་སྲུང་བྱས་པའི་ཉེས་མིང་འོག་ཁྲིམས་ཆད་བཏང་བ་ཞིག་ཡིན་འདུག

tashichoedonབསོད་ནམས་ཚེ་རིང་ཕྱི་ལོ་༢༠༠༨ ལོའི་ཟླ་༣ པའི་ཞི་རྒོལ་ནང་ཞུགས་རྗེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་འཛིན་བཟུང་བརྡ་ཁྱབ་ཤུགས་ཆེ་སྤེལ་ཏེ་རྩིས་སྤྲོད་བྱེད་མཁན་ལ་དངུལ་གྱི་བྱ་དགའ་ཕོན་ཆེན་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཀྱང་། བོད་མི་ལྷག་བསམ་ཅན་རྣམས་ཀྱི་རྒྱབ་སྐྱོར་འོག་ལྷ་ས་གྲོང་ཁྱེར་ནང་ཕྱི་ལོ་༢༠༠༩ ཟླ་༡༠ པའི་བར་གཡོལ་ཐུབ་ཡོད་པ་རེད། འཛིན་བཟུང་བྱས་རྗེས་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང། ད་ལྟའི་ཆར་ཁོང་འཚོ་གནས་ཡོད་མེད་ཀྱི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་མེད་པར་ལྷག་ཡོད་འདུག །

{jcomments on}