དུས་རབས་གསར་པའི་ན་གཞོན།
དུས་རབས་གསར་པའི་བུ་མོ།།
སྐྲ་ལོ་ཁམ་སེར་ཅན་ལ།།
དུག་ལོག་ཕྱི་གསལ་ནང་གསལ།།
བུ་མོ་ཀྲོག་ཀྲོག་ཚ་མོ།།
ཝ་ཡེ། གང་ནས་ཕེབས་པ།།
དུས་རབས་གསར་པའི་ན་གཞོན།།
དབྱིན་སྐད་ཁྱར་རེ་ཁྱོར་རེ།།
སྤོབས་པ་རི་ལས་མཐོ་བ།།
རང་དོན་གཞན་ལ་ཤོར་མཁན།།
ཨོ་ཧོ། སུ་ཡི་དགེ་ཕྲུག