ཕུན་ཚོགས་མིང་ཅན་སོགས་ལ་ལན་ཐན་ཐུན།

ཐོག་མར་ངས་ཁྱེད་ཀྱིས།མ་ཡིག་གི་དུམ་མཚམས་འདི་ནས།༼དངོས་གནས་རེད་མདོ་སྟོད་མི་མང་གིས་བསམ་བློ་གཏོང་དགོས་ཀྱི་རེད།གངས་ལྷ་ཟེར་བ་འདི་དེང་སྐབས་སྤྱི་ཚོགས་སུ་ཡོངས་གྲགས་ཆགས་སོང།མོ་ལ་སྐད་ཡིག་གི་སློབ་སྦྱོང་ཏོག་ཙམ་ཡོད་པ་ནོར་གླིང་དང་བང་ཆེན་གྱི་ལས་བྱེད་པ་ཚོའི་ཁ་ནས་མང་པོ་གོ་མྱོང་ཡོད།ཡིན་ནའང་ཚང་མས་གཅིག་གྱུར་གྱི་སྐད་ཆ་ཞིག་བརྗོད་ཀྱི་ཡོད་པ་ནི་མོས་བཙན་བྱོལ་གཞུང་གི་གནས་སྟངས་དང་སྤྱི་ཚོགས་རྩ་བ་ནས་འགོ་ཚོས་ཀྱི་མི་འདུག་ཟེར་གྱི་འདུགངས་གོ་ཚོད་བྱས་ན་མོས་དང་པོ་ཁྲིམས་ཞིབ་ཁང་གི་ནང་གད་རྒྱག་དང་ཇ་བཟོ་མཁན་གཉིས་ཟླ་སྒྲིལ་ནས་བཀའ་བློན་ཁྲི་པའི་མིང་གཞུང་ནང་ཞུགས་རྒྱུ་བྱས་པ་རེད་ཟེར་གྱི་འདུགདེ་ནས་ཁྲིམས་ཞིབ་ཁང་གི་མི་དེར་བུ་གཅིག་ཡོད་པ་འོན་པ་ཡིན་པ་དང་སྐད་ཆ་ཤོད་ཐུབ་ཀྱི་ཡོད་མ་རེད་ཟེར་གྱི་འདུགཁོས་བཀའ་ཁྲིའི་འོས་གཞིའི་ནང་ཞུགས་ནས་བུ་དེ་ལ་སྐྱོབས་གསོ་རག་ཐབས་བྱེད་ཀྱི་ཡོད་པ་དང།གངས་ལྷ་བཀའ་ཁྲིའི་འོས་གཞི་ནང་ཞུགས་ནས་མདོ་སྟོད་ཀྱི་སྤྱི་འཐུས་ཀྱི་རྐུབ་སྟེགས་རག་ཐབས་བྱེད་ཀྱི་ཡོད་པ་རེད་ཟེར་གྱི་འདུགབོད་པས་ཕར་རྡོ་ཆེ་ཙམ་མ་གཞུས་ན་ཚུར་ས་ཆེ་ག་བ་ནས་ཡོང་ཟེར་བ་བཞིན།མོས་ངོ་ཚ་སྤངས་ནས་བཀའ་ཁྲིའི་འོས་གཞིའི་ནང་ཞུགས་པ་དང་དེའི་རྐྱེན་གྱིས་སྤྱི་འཐུས་རག་ཐབས་བྱས་པ་རེད།

བར་གཅིག་ལྟ་དུས་རྒྱུ་མཚན་མེད་པ་མ་ཟད།ཡིག་ཚོགས་ཚང་མར་ཚོད་དཔག་རྐྱང་གིས་གྲུབ་འདུག་དེ་བས་རྗེས་སུ་གཞན་ལ་སྐྱོན་བརྗོད་དགོས་ན།སྒེར་གྱིས་དངོས་སུ་ཉམས་ཞིབ་བྱས་པའི་བྱུང་འབྲས་ཁུངས་ལུང་རྒྱུ་མཚན་དང་ལྡན་པར་གྱིས་ཟེར་རྒྱུ་ཡིན་ལ།

ལན་དུ།མདོ་སྟོད་མི་མང་གིས་ཀྱང་ཁྱེད་ནང་བཞིན་དེང་སང་བོད་མོ་གངས་ལྷ་མོ་སྐད་གྲགས་ཆགས་པར་ཧ་གོ་དོན་གསལ་ཡོད་ཀྱི་རེད།དེ་བས་ཁྱེད་ཀྱིས་བྱས་ན་བཙན་བྱོལ་གཞུང་གི་གནས་སྟངས་མགོ་ཚོས་པར་ཚད་གཞི་གང་འདྲ་ཞིག་དགོས་སམ།དེ་མིན་ཁྱོད་ཀྱིས་ཁྲིམས་ཞིབ་ཁང་གི་གཅིག་གཅིག་མིག་མིག་ཟེར་བ་དེ་དག་ནི་ང་ལ་མཚོན་ན་ལྷ་སྒྲུང་ལྟར་ལས་ཁྱེད་ཀྱིས་ཅི་གསུང་ངས་དངོས་གནས་གོ་ཚོས་མ་སོང།དེ་ནས་ངས་དེ་སྔོན་བཀའ་ཁྲིའི་དྲ་ལམ་དུ་ཞུགས་པ་དང།ད་ལྟའི་ཆར་མདོ་སྟོད་ཀྱི་སྤྱི་འཐུས་ནང་ལངས་པ་མ་ཟད།གང་ཐུབ་ཀྱིས་བརྩོན་ལེན་བྱས་པར་ཁྱེད་ཀྱིས་ངོ་ཚ་དགོས་པ་ཞིག་ལ་ངོས་འཛིན་ཡང་གུས་མོ་དེ་ལས་ལྡོག་སྟེ་སྤོབས་པའི་རྒྱུ་རུ་ངོས་འཛིན་བྱེད་ཀྱི་ཡོད།

ད་མིན་༼་་་་་ནས་མོ་རང་གི་བཟའ་ཟླས་པི་ཏིའི་ནང་གི་མི་མང་ལ་སློང་མོ་བརྒྱབ་ནས་བྷོ་ཊ་ཞེས་པའི་ཚགས་པ་ཞིག་བསྒྲིགས་པ་དང་དེས་གཙོ་བོ་གངས་ལྷ་ཁྱབ་བསྒྲགས་ཀྱི་ཆེད་དུ་ཡིན་འདུགགང་ཡིན་ཞེ་ན་ཞལ་འདེབས་གནང་མཁན་དང་འབྲེལ་ཡོད་ཀྱི་པི་ཏི་གནད་ཡོད་མི་སྣ་གང་གི་མིང་མ་བྲིས་པར།གངས་ལྷ་མོ་ཚགས་པར་གྱི་སྤྱི་ཁྱབ་སྟོན་པ་ཞེས་འཁོད་པ་དང་བཟའ་ཟླ་ངག་དབང་བྱམས་པ་རྩོམ་སྒྲིག་པ་ཞེས་ནས་ཧ་ལམ་བཟའ་ཚོར་གཉིས་ཀྱིས་གསར་འཛུགས་བྱས་པ་ལྟ་བུའི་རྣམ་པའི་ཐོག་བྱས་ཡོད་པས།

བར་གྱི་ལན་དུ།

ངེད་བཟའ་མི་གཉིས་ཀྱིས་ཧེ་མ་ལ་ཡའི་རི་རྒྱུད་ཀྱི་རིགས་མཐུན་འདུས་བསྡོད་ཁུལ་སོགས་སུ་བྷོ་ཊི་ཚགས་ཤོག་དཔར་སྐྲུན་བྱས་པ་བདེན་ཡང་དེའང་མ་འགྲིག་ས་གང་ཡོད་དམ།ཚགས་ཤོག་དེའི་སློབ་སྟོན་པ་བདག་དང།རྩོམ་སྒྲིག་པ་ངའི་བཟའ་ཟླ་ཁོང་ཡིན་ཞིང་ཚགས་ཤོག་འདོན་ཐེངས་སྔོན་གཉིས་ནང་ཀློག་པ་པོར་ཁྲིམས་ཐོག་གི་བདག་དབང་ཡོད་མཁན་ངེད་བཟའ་མི་གཉིས་ངོས་སྦྱོར་བྱས་པ་དེའང་མ་འགྲིག་པ་རེད་དམ།ཚགས་ཤོག་དཔར་སྐྲུན་བྱས་པ་དེའང་ཧི་མ་ལ་ཡའི་རིགས་མཐུན་ཚོར་རང་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ཁྱབ་སྤེལ་ཡོང་བའི་དམིགས་ཡུལ་འཛིན་ཡོད་ལ།གོང་ས་རྒྱལ་བ་རིན་པོ་ཆེས་ཚོགས་ཐོག་ནས་བསྟོད་སྔགས་དང་མཚན་རྟགས་ཀྱང་ཐོབ་པའི་བསྐལ་བཟང་བྱུང།དཔལ་འབྱོར་རྒྱབ་ལྗོངས་འཚོལ་སྟངས་ཀྱི་རྒྱུད་རིམ་དེའང་ཁྱེད་ལ་གཅིག་གཅིག་གཉིས་གཉིས་ཀྱིས་སྙན་སེང་ཞུ་དགོས་དོན་མི་འདུག་འོ་ན་ངས་ཁྱེད་ལ་དྲི་བ་ཞིག་བཀོད།བཙན་བྱོལ་ནང་ཚོགས་པ་མང་དག་ཡོད་པ་དེ་དག་གསར་འཛུགས་བྱེད་མཁན་ནམ་ཁྲིམས་ཐོག་གི་བདག་དབང་ཡོད་མཁན་ཚོའི་མིང་ཐོག་ལས་དཔལ་འབྱོར་རོགས་སྐྱོར་གནང་མཁན་གྱི་མིང་ཐོག་ནས་སུའི་བཙུགས་འདུག་གམ།

གོང་ལྟར།༼དེང་སྐབས་ཚགས་པ་དེར་འགྲོ་གྲོན་གཏོང་མཁན་ཚོས་རྙོག་གྲ་ཤོད་ཀྱི་འདུག་ཟེར་གྱི་འདུགཚགས་པ་དེའི་ཐོག་བཟའ་ཟླ་ངག་དབང་གི་ང་སུ་རེད་ཟེར་བ་དང།གངས་ལྷ་མོ་སུ་རེད་ཟེར་ནས་བཟའ་ཚང་གཉིས་ཁྱབ་བསྒྲགས་བྱེད་ཆེད་དུ་ཚགས་པ་དེ་བེད་སྤྱད་འདུག་ཟེར་བས།ངས་ཆེད་མངག་གི་ཚགས་པ་དེ་ཉོ་རུ་སོང་པས་དེ་ལྟར་བྲིས་འདུག

ལན་དུ།ང་སུ་རེད་ཟེར་བའི་རྩོམ་ནང་ཧི་མ་ལ་ཡའི་རིགས་མཐུན་ཚོས་རང་གི་སྐད་དང་རིག་གཞུང་ངོ་ཤེས་དགོས་ཚུལ་གྱི་སྙིང་དོན་བརྗོད་ཡོད་པ་རེད།ཁྱད་མཚར་བ་ཞིག་ནི་འགྲོ་གྲོན་གཏོང་མཁན་གྱིས་རྙོག་གྲ་ངེད་བཟའ་མི་གཉིས་ལ་མ་བཤད་པར་ཁྱེད་ལ་བཤད་པར་ག་དུས་འབྱོར་བྱུང་ངམ།དེ་ཡིན་ན་རྙོག་གྲ་བཤད་མཁན་དེར་རྙོག་གྲ་ཡོད་ན་ཐོག་མར་ངེད་བཟའ་མི་གཉིས་ལ་བཤད་པར་ཡོང་རོགས་ཅེས་ཁྱེད་ཀྱིས་ཀྱང་དེར་ལན་ཞིག་སྤྲད་རོགས་ཞུ།

ཁྱེད་ཀྱིས།༼བཟའ་ཚང་གཉིས་ཀས་བཀའ་བློ་ཁྲི་པ་ཟེར་བའི་ཚགས་པར་སྟེང་གཉིས་ཀ་བཀའ་ཁྲི་ལངས་ཀྱི་ཡིན་ཞེས་བརྗོད་ཡོད་པ་དང།དེ་རྗེས་གཉིས་ཀ་མདོ་སྟོད་ཀྱི་སྤྱི་འཐུས་ལངས་ཀྱི་ཡིན་ཞེས་བརྗོད་ཡོད་པ་རེད།གང་ལྟར་ཁོང་གཉིས་ཀའི་འཆར་གཞི་གཅིག་པ་རེད།ལ་ལས་ཟེར་ན་གངས་ལྷ་ཐང་ཐང་ཡོད་མ་རེད་དེ་དང་བཟའ་ཟླ་ངག་དབང་ཡང་ཐང་ཐང་མེད་པ་ཆགས་འདུག་ཟེར་མཁན་འདུག

བར་ལན་དུ།་ངེད་བཟའ་མི་གཉིས་ཀ་བཀའ་ཁྲི་ལངས་པ་བདེན་པ་རེད།སྐབས་དེར་ང་བཀའ་ཁྲིའི་དྲ་ལམ་དུ་ཞུགས་པ་དང།ཁོང་ས་རཱའི་མཐོ་སློབ་གྱི་སློབ་མའི་བཀའ་ཁྲིའི་ནང་ལངས་པ་རེད།ཁྱེད་ནི་དངོས་གནས་མི་དགོད་བྲོ་བ་འདྲ་རེད།སྨན་པས་དཔྱོད་ཡིག་གང་གི་ནང་དུ་ངེད་བཟའ་མི་གཉིས་ཐང་ཐང་མེད་པའི་སྐོར་བཀོད་འདུག་གམ།

༼དེ་རྗེས་བྲག་གཡབ་སྐྱབས་མགོན་ནོར་གླིང་དུ་ཕེབས་སྐབས་གངས་ལྷ་ཟེར་བས།བཀའ་བློན་ཁྲི་པ་ཐོབ་ས་མ་རེད་དེ་མདོ་སྟོད་མི་མང་བྱབ་ཆུང་འདི་ཚོས་སྤྱི་འཐུས་མི་དགོས་ནའང་བླུགས་ས་རེད་ཅེས་ཞུས་འདུག་པས་བྲག་གཡབ་སྐྱབས་མགོན་གད་མོ་ཤོར་ནས་སྡོད་ཀྱི་འདུག་ཟེར་གྱི་འདུག

ཞེས་པའི་ལན་དུ།ངེད་བྲགཡབ་སྐྱབས་མགོན་མཆོག་རྡ་སར་ཕེབས་ནས་གུས་མོར་ཁྱེད་རང་གིས་བཀའ་ཁྲིའི་དྲ་ལམ་དུ་ཞུགས་འདུག་ཟེར་བ་ཐོས་རྗེས་དཔེ་དགའ་པོ་བྱུང།དངོས་སུ་ཐོབ་མིན་གྱི་གནས་སྟངས་ལོག་ཀ་རེད་ཀྱང།ད་བར་བུད་མེད་ཅིག་གིས་འདི་ལྟར་སྤོབས་པ་དང་ལྡན་པའི་བྱ་བཟང་ལ་བློ་ལྡན་ཤེས་རབ་ངའི་ངོས་ནས་ཁྱོད་ལ་སྙིང་ཐག་པ་ནས་བསྔགས་བརྗོད་དང་རྒྱབ་སྐྱོར་ཡོད་།ཅེས་གསུང་ཡོད་པ་རེད།དེ་འདྲ་ཡིན་ཙང་ཁྱེད་ལ་འདིར་སླར་ཡང་ཚོད་དཔག་གི་གཏམ་འཆལ་མ་སྤེལ་ན་བཟང་ཟེར་རྒྱུ་ལས་གཞན་ཅི་ཡོད།

༼དེ་རྗེས་དགུ་བཅུ་གསུམ་གྱི་དྲུང་ཆེ་ཆགས་ནས་སྔོན་མའི་ལས་ཀ་བྱེད་ས་དང་བོད་ཡིག་ཡར་རྒྱས་གཏོང་སའི་ནོར་གླིང་རྩོམ་སྒྲིག་ཁང་དང་བང་ཆེན་གསར་ཁང་གཉིས་ལ་རླུང་འཕྲིན་བརྒྱུད་ནས་ཁ་བཏང་འདུགཚོགས་གཙོ་འོད་ཟེར་རིན་པོ་ཆེས་ཚོགས་པ་གཉིས་ལ་ཁ་བཏང་པ་དེ་ཡག་པོ་མ་རེད་ཁྱེད་རང་ལ་དཀའ་ངལ་ཆེ་དུས་འཚོ་བ་རྟེན་ས་དང་ད་ལྟ་བོད་ཡིག་ཏོག་ཙམ་འབྲི་ཤེས་པ་དེ་རྩོམ་སྒྲིག་ཁང་དེ་དག་གི་བཀའ་དྲིན་རེད་ཟེར་ནས་བཀའ་བཀྱོན་གནང་མྱོང་བ་གོ་གི་འདུག

ལན་དུ།ངེད་ཚོགས་པས་གསར་བསྒྲགས་སྤེལ་ཐེངས་ཤིག་སྐབས་ངག་ཐོག་ནས་ཚོགས་པའི་གང་རུང་ནང་ཆོལ་གསུམ་གྱི་འཐུས་མི་ཚང་ན་ཕྱོགས་ལྷུང་མིན་པར་བཟང་ཆ་ཡོད་ཅིང་གོང་གསལ་སྡེ་ཚན་གཉིས་ཀྱི་དངོས་ཡོད་གནས་སྟངས་དཔེ་མཚོན་བཀོད་པ་རེད།འོད་ཟེར་རིན་པོ་ཆེས་ང་ལ་གང་གསུང་ཡོད་ན་ཁྱེད་ཀྱིས་ཇི་ལྟར་མཁྱེན་བྱུང་ངམ།དངོས་གནས་ཡིན་ཁྱོད་ལ་སྔོན་ཤེས་ཡོད་པ་མིན་ནམ།འདིར་འོད་ཟེར་རིན་པོ་ཆེས་གོང་ལྟར་ང་ལ་གསུང་མྱོང་མེད་ཀྱང།ཁྱོད་ཀྱིས་ངེད་གཉིས་དབར་གྱི་སྐད་ཆ་ཤེས་ལུགས་བརྗོད་པར་དོགས་གཞི་འདུག་ལ་དེའི་སྐོར་རྗེས་སུ་ཉམས་ཞིབ་བྱ་རྒྱུ་ཡིན།

༼དེ་ནས་མོ་རང་ལ་རང་ཚུགས་ཀྱི་ལྟ་བ་ཡོད་མདོག་བྱས་ནས་ཆོས་བརྒྱུད་ཁག་ལ་ལོགས་སུ་སྤྱི་འཐུས་དགོས་ཀྱི་མི་འདུག་ཟེར་ནས་རླུང་འཕྲིན་ཁག་ནང་ཤུགས་ཆེན་པོ་བརྗོད་ཡོད་པ་རེད།སྤྱིར་མོས་སྐད་ཆ་མང་པོ་ཞིག་འགོ་མ་ཚོས་ནས་བརྗོད་ཀྱི་ཡོད་ཀྱང།ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་བ་འདི་སྔོན་མ་ནས་མོས་ཆོས་སྲིད་ཟུང་འབྲེལ་གྱི་རྩོམ་ཡིག་ཆ་ངེ་ཆུང་ངེ་མང་པོའི་ནང་བྲིས་ཡོད་འདུགཕྱིས་སུ་དགུ་བཅུ་གསུམ་གྱི་ཚོགས་གཙོ་གསར་པ་འོད་ཟེར་རིན་པོ་ཆེས་ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་བའི་སྐད་ཆ་དེ་གནས་སྐབས་བཞག་ནས་མ་གཏོགས་སྤྱི་འཐུས་ཐོབ་ཀྱི་མ་རེད་ཅེས་གསུངས་ནས།གནས་སྐབས་རིང་ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་བ་དེ་ཕྱིར་འཐེན་བྱེད་རྒྱུའི་ཐག་བཅད་ཡོད་འདུག

འདིའི་བར་གྱི་ལན་དུ།ད་བར་ངས་ཆོས་སྲིད་ཟུར་འབྲེལ་སྐོར་རྩོམ་གཅིག་རང་བྲིས་པ་དེ་ནི།་ཆོས་སྲིད་གཉིས་གཙང་མ་འབྱུང་བར་།བོད་ལ་རེ་བ་ཡོད་རེ་སྐན་།ཞེས་པ་དེ་ཁོ་ན་ལས་ཁྱེད་ཀྱིས་གསུང་བ་ལྟར་༼རྩོམ་ཡིག་ཆ་ངེ་ཆུང་ངེ་མང་པོ་༽འབྲི་ཁོམས་མ་བྱུང་ལགས།དེའི་ནང་རང་གཞུང་ཆོས་རིག་སྡེ་ཚན་རང་དབང་གི་སྡེ་ཚན་ཞིག་ཡོང་ཐུབ་ན་བཟང་ལུགས་དང།རླུང་འཕྲིན་ནང་མ་འོངས་པར་ལས་རིགས་ཁག་ནས་ཀྱས་སྤྱི་འཐུས་འདེམས་ཐབས་འབྱུང་ན་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་པ་གསོ་སྐྱོང་ཡོང་བར་ཕན་ཚུལ་བཤད་པ་ལས།ཆོས་རྒྱུད་སྤྱི་འཐུན་དགོས་མ་རེད་ཟེར་ནས་ཟུར་ཙམ་བཤད་རྒྱུ་མ་བྱུང་ཡང།ངས་ཀྱང་འདིར་ཚོད་དཔག་ཅིག་བྱེད་ན།་འདི་དག་ནི་ཁྱེད་ཀྱི་འཆོལ་གཏམ་གྱི་རྣམ་དཔྱོད་ཚད་བརྒལ་དེའི་བྱུང་འབྲས་མིན་འགྲོ་སྙམ།

དོལ་རྒྱལ་སྐོར་ང་ལ་གསལ་པོ་ཤོད་རྒྱུ་མེད་ཀྱང།ལོ་འགའི་སྔོན་དུ་དགུ་བཅུ་གསུམ་གྱི་ཚོགས་ཆེན་སྐབས་དོལ་རྒྱལ་བསྟེན་སྲོལ་མཚམས་འཇོག་གི་མིང་རྟགས་བཀོད་པའི་ཚོགས་འདུ་སྐབས།གངས་ལྷ་ཟེར་བས་དགུ་བཅུ་གསུམ་ཆབ་སྲིད་ཚོགས་པ་རེད་མ་གཏོགས་ལྷ་ཚོགས་པ་མ་རེད་ཟེར་ནས་ཚོགས་བཅར་བྱས་མེད་པ་དང་མིང་རྟགས་ཀྱང་བཀོད་མེད་པ་རེད།མོ་ལྷ་དང་འབྲེལ་བ་ཡོད་སྐོར་གྱི་སྐད་ཆ་དེ་སྐབས་དེ་ནས་ཁྱབ་པ་རེད།དེ་དང་འབྲེལ་ནས་ལས་དོན་འདིའི་རིགས་ལ་མོ་གཡོལ་པའི་རིགས་མང་པོ་བྱུང་ཡོད་པས་དུས་ཚོད་ཀྱིས་རྐྱེན་པས་ངས་རེ་རེ་བཞིན་འབྲི་མི་འདོད།

ལན་དུ།དེ་སྔོན་ཚོགས་པའི་ནང་མིང་རྟགས་བཀོད་སྐབས་ངས་ཀྱང་དེའི་སྐོར་ཐོས་མེད་སྟབས་དེའི་དུས་སུ་ང་འདྲ་བ་གཞན་ནས་ཀྱང་ད་ཐེངས་ཀྱི་ཚོགས་ཐོག་ནས་དམ་བཅའ་འབུལ་ཟིན།དེའི་སྐོར་གཡོལ་དགོས་དོན་གང་ཡང་མེད།སྤུན་ཟླ་ལགས།ང་ནི་གུང་ཕྲན་དམར་པོའི་སློབ་གསོའི་སྒྲོམ་གཞིའི་འོག་ཏུ་འཚར་ལོངས་བྱུང་ཞིང་ཆོས་ཕྱོགས་སྐོར་ཞིབ་རྟོགས་མེད་ཀྱང།རང་རིགས་ཀྱི་བདེན་པ་དང་རང་དབང་བརྩོན་ལེན་བྱ་བར་གནོད་གཞིར་གྱུར་ཟིན་པའི་ལྷ་འདྲེ་གདོན་འགེགས་གང་ཡིན་ཡང་དེ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་མཁན་ཞིག་ཡིན་ཞེས་འདིར་གསལ་པོ་བརྗོད་འདོད་འདུག

༼གང་ལྟར་ཡང་མོ་སྤྱི་འཐུས་ནང་སླེབས་ནས་བག་ཆགས་བཞག་རྒྱུ་གང་ཡང་ཡོད་མ་རེད་དེ།མདོ་སྟོད་ཀྱི་སྤྱི་འཐུས་འགོ་ཚོས་མཁན་མི་སྤུས་གཙང་ཡོང་རྒྱུར་མདོ་སྟོད་མི་མང་ཚང་མས་དགོངས་པ་བཞེས་དགོས།

ལན་དུ།ཁྱེད་ཀྱི་བསམ་ཚུལ་འདི་ལ་ངས་ཀྱང་རྒྱབ་སྐྱོར་ཡོད།གངས་ལྷ་མོ་མདོ་སྟོད་སྤྱི་འཐུས་ནང་སླེབས་ན་བག་ཆགས་དམིགས་བསལ་བ་གང་ཡང་བཞག་རྒྱུ་མེད།འོན་ཀྱང་ཁྱེད་ཀྱིས་གསུང་གསལ་ལྟར་ང་གངས་ལྷ་མོའི་སྐོར་མགོ་ཚོས་མཁན་སུ་ན་གང་བཞུགས་ཡོད་པ་ཡོངས་རྫོགས་ཀྱིས་མཁྱེན་གསལ་རེད།གུས་མོར་འོས་འཕེན་མིན་ནི་མདོ་སྟོད་རྒྱ་ཆེའི་མི་མང་གི་ལག་ཏུ་ཡོད་པ་ལས་།ཁྱེད་ཀྱིས་འདིར་གངས་ལྷ་མོའི་སྐོར་སྐྱོན་གཞན་བཤད་རྒྱུ་མ་བྱུང་སྟབས་ཆོས་ཕྱོགས་ཀྱི་ནང་དོན་གཏིང་ཟབ་མི་ཤེས་མཁན་གྱི་གངས་ལྷ་མོའི་མགོ་ཐོག་དོལ་རྒྱལ་བཙན་བཀེལ་བྱ་བ་ཙམ་གྱིས་ཕན་ཐོག་མེད་པ་ནི་རྒྱ་སྡེ་ཡིས་རྒྱས་གསལ་རེད་ལགས།

༼ད་ལྟའི་སྐབས་གངས་ལྷས་དགུ་བཅུ་གསུམ་ནང་རྙོག་གྲ་སློང་བཞིན་པའི་སྒྲུང་ངས་འདི་ནས་འབྲི་གི་མིན།གང་ཡིན་ཕྲུ་གུའི་ལས་ཀ་འདྲ་ཤ་སྟག་རེད་འདུགགོང་བརྗོད་ཀྱི་གནས་ཚུལ་དེ་དག་བདེན་པ་ཡིན་མིན་དོ་བདག་རང་ལ་སྐད་ཆ་འདྲི་ན་ཡག་པོ་ཤེས་ཀྱི་རེད།༽

ལན་དུ།ང་དངོས་གནས་དོགས་པ་ཟ་གཞི་གཅིག་ནི།ཁྱོད་རང་གིས་དགུ་བཅུ་གསུམ་ནང་ཁུལ་གྱི་གནད་དོན་ལ་དེ་འདྲ་རྟག་དཔྱད་དགོས་དོན་གང་ཡིན་ནམ།ངས་རྙོག་གྲ་ག་རེ་སློང་འདུག་ཟེར་ནས་དོ་བདག་རང་ལ་འདྲི་རོགས་ཟེར་བའི་སྐད་ཆ་དེ་ནི་དངོས་གནས་བདེན་པ་རང་རེད།དེ་མིན་ཁྱོད་རྣམས་པས་འདི་ལྟར་ཡིག་ཆུང་འདྲ་སྤེལ་བ་ནི་བོད་བསྟན་སྲིད་ཀྱི་ཆེད་དུ་མིན་པར།བོད་མོ་གངས་ལྷ་མོ་སྤྱི་འཐུས་ཀྱི་འོས་ཁོངས་ནས་མར་གཡུག་ཐབས་ཀྱི་ཅོལ་ཆུང་ལས་རྐྱང་པ་ཙམ་ལས་གཞན་ཅིའང་མ་རེད་ལགས།འོན་ཀྱང་རྗེས་སུ་ངའི་སྐོར་བསམ་ཚུལ་ག་རེ་ཡིན་ཡང་དོན་དང་ལྡན་པའི་སྐོར་མུ་མཐུད་སྤེལ་ན་དགའ་བསུ་ཞུ་རྒྱུ་ལས་དགག་བྱ་གང་ཡང་མེད།

དེ་མིན་འདིར་གསལ་བརྗོད་བྱེད་རྒྱུ་གཞན་ཞིག་ཡོད་དེ།རྗེས་སུ་བྲགཡབ་མི་མང་ཡོངས་ཀྱི་དབུ་ཐོག་དོལ་རྒྱལ་བསྟན་ཚུལ་གྱི་བཙན་པོ་དབང་ཡོད་དང།མིའི་མིང་དང་ལོ་རྒྱུས་།དེ་བཞིན་རྒྱུ་མཚན་དང་ཁུངས་ལུངས།དཔང་རྟགས་གང་ཡང་མེད་པའི་རྙོག་དྲ་བསྐྱར་དུ་བསློང་ན།རང་གཞུང་ཁྲིམས་ཀྱི་གོ་རིམ་ལྟར་འགྲོ་རྒྱུ་ལས་མི་དཀར་པོར་ཞྭ་མོ་ནག་པོ་མི་གྱོན་རྒྱུ་སེམས་ཐག་གཙང་ཆོད་ཡིན་པས་དེ་དོན་གཏམ་འཆལ་སྤེལ་རྒྱུར་སྤྲོ་བའི་གང་ཟག་ཡོངས་ཀྱིས་ཐུགས་སུ་དགོངས་འཇགས་མཛོད།

གངས་ལྷ་མོས་ཕྱི་ལོ་༢༠༡༠ཟླ་༡༡ཚེས་༢༣ཉིན་སྤེལ།