གཅིག་སྒྲིལ་ནི་སྟོབས་ཤུགས་ཡིན།
ཁམས་པ་གླེན་རྟགས་ཅན་ཚོ།།
ཁམས་པར་ཞེན་ཁོག་དོན་ཏེ།།
བོད་རིགས་བྱིངས་ལ་སྨན་པའི།།
དཔའ་དང་བློ་ཁོག་སྐྱེད་ཅིག།།
མདོ་སྨད་རང་བསྟོད་ཅན་ཚོ།།
ཨ་མདོར་ཞེན་ཁོག་དོར་ཏེ།།
གངས་ཅན་བོད་ལ་ཕན་པའི།།
རྩོམ་རིག་སྒྱུ་རྩལ་ཁྲོམས་ཤིག།།
ཆོལ་གསུམ་བོད་རིགས་སྤུན་ཟླ།།
རྡོག་རྩ་གཅིག་བསྒྲིལ་བྱས་ཏེ།།
རྒྱལ་བའི་བཀའ་དགོངས་ཇི་བཞིན།།
གོང་བུར་གཅིག་གྱུར་བྱོས་ཤིག།།
