སློབ་མ་ཚོའི་སློབ་སྦྱོང་གོང་མཐོར་གཏོང་ཆེད་ཀྱི་ཟབ་སྦྱོང་།

ཉིན་དང་པོའི་ཟབ་སྦྱོང་མཛད་སྒོའི་ཐོག་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་ལས་འཆར་ངོ་སྤྲོད་དང། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་ཟབ་སྦྱོང་དབུ་འབྱེད་ཐོག་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

workshop_studentsཟབ་སྦྱོང་དེའི་སྐོར་འགན་འཛིན་ཆོས་སྐྱོང་དབང་ཕྱུག་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ཟབ་སྦྱོང་འདིའི་ནང་རྒྱ་གར་དང་བལ་ཡུལ་ཁུལ་གྱི་ས་ཁུལ་ནས་སློབ་གྲྭ་ཁག་བཅོ་བརྒྱད་ཙམ་ནས་སློབ་མ་ཚོར་ལམ་སྟོན་གནང་མཁན་གྱི་དགེ་རྒན་བཅས་ཁྱོན་མི་གྲངས་༡༡༨ ཙམ་ཕེབས་འདུག་ལ། རྡོ་གླིང་དང་ཀ་སྦུག་གཉིས་ནས་སློབ་སྤྱི་སོགས་ཕེབས་འདུགས་པས། བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གིས་གོ་སྒྲིག་བྱེད་བཞིན་པའི་ཟབ་སྦྱོང་འདི་གལ་ཆེན་པོར་བརྩི་ཡི་ཡོད་པ་དང། ཟབ་སྦྱོང་ལ་སློབ་མ་ཡོང་སྟངས་ཀྱང། སློབ་གྲྭ་ཁག་འགའ་རེའི་ནང་ཡིག་རྒྱུག་གི་བརྒྱ་ཆ་མཐོ་གྲས་དང་། ཡང་འགའ་རེའི་ནང་ཟབ་སྦྱོང་གི་ཆེད་དུ་དྲི་ཤོག་བཟོས་ནས་རྒྱ་ཆ་མཐོ་བ་ལེན་མཁན་ཚོ་བཏང་ཡོད་པ་རེད།

བལ་ཡུལ་སྤོག་ར་དང་དོན་འགྲུབ་གླིང་ས་གནས་གཉིས་སུ་གུང་སེང་བཏང་སྔ་ཕྱི་དང་ཟླ་ལྷག་གི་རྐྱེན་གྱིས། བརྡ་ལན་ཏག་ཏག་མ་འཕྲོད་པ་དང་། སློབ་གྲྭའི་ཡིག་རྒྱུགས་ཀྱི་དུས་ཚོད་ཕྱིར་འགྱངས་བྱས་པ་སོགས་ཀྱིས། ད་ཐེངས་ཀྱི་ཟབ་སྦྱོང་འདིའི་ནང་བཅར་ཐུབ་མ་སོང།

ད་ཐེངས་ཟབ་སྦྱོང་འདི་སློབ་ཕྲུག་འཛིན་རིམ་༡༡ ལ་སླེབས་པའི་སློབ་མ་ཚོར་དམིགས་སུ་བཀར་ནས་ཕུལ་གྱི་ཡོད་པ་རེད། འདིའང་མ་འོངས་པར་མཐོ་སློབ་ཁག་ནང་འགྲོ་དུས་དང་དེ་ནས་སྤྱི་ཚོགས་སུ་ལས་དོན་སྒྲུབ་སྐབས། མི་ལ་འབྲེལ་བ་བྱེད་སྟངས་དང་གང་ཟག་རང་ཉིད་ལ་གདེང་ཚོད་ཡོང་ཆེད་དུ་དམིགས་པ་ཡིན།  འདས་པའི་ཟབ་སྦྱོང་ནང་བཅར་མྱོང་མཁན་སློབ་མ་རྣམས་དེང་སྐབས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཏུ་ཕྱག་ལས་གནང་མཁན་མང་པོ་མཐོང་རྒྱུ་འདུག རང་གཞུང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས། ཤེས་རིག་ལས་ཁུངས། རྒྱ་གར་བོད་སློབ་འཛིན་སྐྱོང་ཚོགས་པ་སོགས་ཀྱིས་ཟབ་སྦྱོང་འདི་གལ་ཆེན་དུ་བརྩིས་ནས། ཟབ་སྦྱོང་གི་ཁྱབ་བསྒྲགས་ཀྱང་གཞུང་འབྲེལ་ཐོག་ནས་གནང་གི་ཡོད་པ་རེད།

ད་ལྟའི་བར་ང་ཚོས་ཟབ་སྦྱོང་རིགས་འདྲ་མིན་ཕུལ་གྱི་ཡོད་རེད། གཙོ་བོ་ཟབ་སྦྱོང་ལ་ཡོང་མཁན་ཚོའི་གནས་བབ་ལ་བསྟུན་ནས། གང་དགོས་མཁོ་ཆེ་བ་དང་། ཟབ་སྦྱོང་སྤྲོད་ཡུལ་གྱི་མི་ལ་གང་འཚམས་པ་འདུག་ལྟ་ཡིི་ཡོད་པ་རེད། ད་ལྟའི་སློབ་མ་ཚོར་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་དང། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ངོ་སྤྲོད། སློབ་མའི་མ་འོངས་པའི་མདུན་ལམ། སློབ་མའི་དམིགས་ཡུལ་དང་མཚུངས་པའི་བོད་པའི་སྤྱི་ཚོགས་སུ་འགན་ཁུར་བཞེས་ཕྱོགས་སོགས། ད་ལྟའི་སྐབས་ཁ་ཚ་དགོས་གཏུག་གི་གནད་དོན་བཅས་ཀྱི་ཐད་ལ་ཟབ་སྦྱོང་སྤྲོད་ཀྱི་ཡོད་ལ། གསུང་བཤད་གནང་མཁན་ཚོ་ཡང་བརྗོད་གཞི་འདི་དང་འབྲེལ་བ་ཡོད་པའི་བོད་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་ཁག་གི་འགན་འཛིན་དང་དྲུང་ཆེ་ཆུང་སོགས། ཉམས་མྱོང་དང་རྒྱུས་མངའ་ཆེ་བའི་རིགས་གདན་འདྲེན་ཞུ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་སོང་།།

{jcomments on}