ཆང་ཕོར་གྱི་རྐུབ་ན།

ཡར་ལ་བཀྱག    ལྷན་འཛོམ་རེད
བསིལ་ཆང་འཐུང་མཁན་གྱི་ཁྱེད་ཅག
ངའི་སེམས་པ་ཁྱེད་ཅག་གི་ཆང་ཕོར་ནང་དུ
འཛུམ་མདངས་དེ་སུ་ཡི་ཆེད་དུ
ཁྱེད་ཚོས་གཞན་ཞིག་གི་ཕ་རོལ་ན
ངུ་སྐད་དང་སུན་སྣང་སྐྱུར་ནས
རོལ་དབྱངས་ཀྱི་ཀློང་དུ

ལག་ཁྱེར་ཁ་པར་ལས
ཕྱོགས་ངོས་གཞན་ཞིག་ལ་འདྲུད
ལྷོད་ཀྱིས་བཞེས་ཤིག
སྤྱིན་བདག་གི་རང་དབང་
ལག་ཟུང་གི་དམ་ལྷོད
ང་ཚོའི་མཐའ་སྐོར་ན
དགྲ་བོ་མེད

ངའི་གསང་བ་ཡོད་ཚད
ཁྱེད་ཅག་གི་ཆང་ཕོར་དུ་དྲངས་ཡོད
གཟབ་པར་གྱིས
ཁྱེད་ཅག་ཇི་ལྟར་བཟི་ན
ང་རང་དེ་འདྲའི་ཚོར་བ་རྣོ

ང་རང་འདི་ལྟར་འཁྱེར་འགྲོ་དུས
ངས་རྒྱུ་འབྲས་ཤིག་དྲན་ཡོད
དེ་ནི་ང་རང་གི་བདག་པོ་ཡིན

ནེའུ་ཡོག་གཉིས་པར་འབོད་པའི་ཨེས་སུ་རལ་གྱི་གྲོང་ཁྱེར་ཀྲེས་ལ་བེས་ནས། ཆང་ཁང་ནག་པོའི་ནང་དུ་གྲོགས་པོ་ཕོ་མོ་འགའ་དང་ལྷན་དུ་ཡོད་སྐབས། ཐོལ་བྱུང་དུ་རང་གི་ཁ་གཏད་ཀྱི་གྲོགས་པོ་དག་གི་བསིལ་ཆང་གི་དྲི་མ་སྣོམ་གྱིན་དུ་བྲིས། ༧།༡།༡༡