ཆུ་བཞི་སྒང་དྲུག་གི་འོས་བསྡུ་བསྐོར་གྱི་རེ་བཀུར།།

བཀུར་འོས་མདོ་སྟོད་སེར་སྐྱ་མི་མང་ལྷན་རྒྱས་ཀྱི་ཞབས་དྲུང་དུ་གུས་གསོལ།

ཕྱི་ལོ་༢༠༡༡ ཟླ ༢ ཚེས་༡༣་ཉིན་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ད་ཡོད་དབུས་རྒྱུན་ལས་ཡུན་རྫོགས་ཏེ།

རྒྱུན་ལས་གསར་གདམ་གྱི་གསར་བསྒྲགས་གནང་པ་ལྟར་རང་དོན་རང་གཅེས་ཀྱི་གདམ་ཀ་མ་ནོར་བ་དགོས་པ་ནི་རང་འཁྲིའི་ལས་འགན་ལ་སོང་།

དེ་སྔར་རྒྱུན་ལས་འདེམས་ཕྱོགས་ཚུལ་མཐུན་བྱུང་ཡོད་ཀྱང་། སྐབས་བབ་ཀྱི་རྒྱུན་ལས་ཁོང་ནས་མི་ལ་རྡུང་རྡེག་གཏོང་མཁན་དང་། བོད་མིའི་རྩ་དོན་དང་འགལ་ཟླའི་ཕྱོགས་སུ་འབྲེལ་བ་ཡོད་མཁན། སྤྱི་སེམས་དོར་ཏེ་རང་གི་ཁེ་ཕན་གཙོ་བོར་བཟུང་མཁན་སོགས་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད་པས། ད་རེས་ཀྱི་རྒྱུན་ལས་གསར་འདེམས་ནང་ཚུལ་མཐུན་དང་། ཤེས་འཇོན་གཉིས་ལྡན་གྱི་མི་ཞིག་ཅི་ནས་ཀྱང་དགོས་གལ་ཆེ་བས་དེ་ལུགས་མི་མང་ཡོངས་ནས་གདེམ་སྐོས་གནང་སྐྱོང་ཡོང་བ་མཁྱེན། མཁྱེན།