བལ་ཡུལ་སྲིད་འཛིན་གྱིས་རྒྱ་གར་དུ་གཟིགས་སྐོར།

བལ་ཡུལ་རྒྱལ་ཁབ་ཀྱི་སྲིད་འཛིན་ Dr. Ram Ram Baran Yadav མཆོག་གིས་ཉིན་འདི་གར་རྒྱ་གར་རྒྱལ་ནང་དུ་ཟླ་འདིའི་ཕྱི་ཚེས་5 བར་དུ་ཉིན་གྲངས་བཅུ་ཙམ་གྱི་གཞུང་འབྲེལ་གཟིགས་སྐོར་དེ་རྒྱ་གར་གྱི་གྲོང་ཁྱེར་ Kolkata ནས་འགོ་བཙུགས་ཡོད་པ་རེད། སྐབས་དེར་སྲིད་འཛིན་ཁོ་རང་སྔ་མ་སློབ་གྲྭར་འགྲོ་སའི་ཀ་ལི་ཀ་ཏ་སྨན་པའི་སློབ་ཆེན་གྱི་ལོ་འཁོར་མཛད་སྒོའི་སྐུ་མགྲོན་གཙོ་བོར་བཞུགས་ཐོག་རིམ་པས་ Tirupati གྲོང་ཁྱེར་བརྒྱུད་ད་ཆ་རྒྱལ་ས་ལྡི་ལིར་ཕེབས་འབྱོར་བྱུང་ཡོད་པ་རེད།  ཕྱི་ཚེ་2 ཉིན་རྒྱ་གར་གྱི་ ཆབ་སྲིད་ཚོགས་པ་གཙོས་གནད་ཡོད་འགོ་ཁྲིད་རིམ་པ་དང་གཞུང་འབྲེལ་མཐོ་རིམ་མི་སྣ་ཁག་བཅས་དང་ཐུག་འཕྲད་བྱེད་རྒྱུའི་མཛད་རིམ་ཁག་འགོ་བཙུགས་ཡོད་པ་དང་། སྐབས་དེ་དག་ལ་ཁོང་གིས་ད་ལྟའི་བལ་ཡུལ་རྒྱལ་ནང་གི་ཆབ་སྲིད་གནས་སྟངས་དང་ཞི་འགྲིག་ལས་དོན་ཁག་གི་སྐོར་གླེང་ཐོག་བལ་ཡུལ་རྒྱལ་ཁབ་ཀྱི་རྒྱལ་སྲིད་བརྟན་བརླིང་དང་ཞི་འགྲིག་གི་སྲིད་གཞུང་འཛུགས་ཕྱོགས་ཐད་རྒྱ་གར་ཕྱོགས་ནས་རོགས་རམ་ཡོང་ཐབས་བྱས་ཡོད།

གནས་ཚུལ་ལྟར་ན་ད་དུང་མུ་མཐུད་རིམ་པས་སྲིད་འཛིན་མཆོག་རྒྱ་གར་རྒྱལ་ཁབ་ཀྱི་ཆེའི་མཐོའི་དཔོན་རིགས་དང་བློན་ཆེན་རིམ་པར་ཐུག་འཕྲད་བྱས་ནས་བལ་ཡུལ་རྒྱལ་ཁབ་གྱི་དངོས་ཡོད་གནས་སྟངས་ཁག་དང་མ་འོངས་པར་ཁོང་གི་ལས་མཆར་ཁག་ཀྱང་གསལ་བཤད་བྱེད་རྒྱུ་ཡིན་པ་རེད་འདུག། ད་ཐེངས་སྲིད་འཛིན་གྱི་གཟིགས་སྐོར་དེ་ནི་སྲིད་འཛིན་བཞུགས་རིང་གི་གཟིགས་སྐོེར་ཐེངས་གཉིས་བ་དེ་ཡིན་པ་དང་། ད་དུང་ཉིན་འདི་གར་བལ་ཡུལ་རྒྱལ་ཁབ་གྱི་གནད་ཡོད་མི་སྣ་ཚོས་གཞུང་འཛིན་རྒྱལ་ཁབ་ཀྱི་སྲིད་བློན་འདེམས་རྒྱུར་ལས་དོན་ཁག་བྲེལ་བས་སྤེལ་བཞིན་པའི་སྐབས་ཡིན་འདུག