སྣང་བ་ལགས།
སྣང་བ་ལགས།
ངས་ཁྱེད་རང་ནམ་ཡང་མི་འགྲིབ་པ་གནས་ན་བསམས་ཀྱང་ཁྱེད་ནི་ཞོགས་པ་ནས་ཉིན་གུང་དང།
ཉིན་གུང་ནས་ཕྱི་དྲོ་ལ་ཕེབས་པ་མཐོང་བས་མི་རྟག་པའི་རང་གཤིས་ལ་འཁང་ར་བྱེད་རྒྱུ་ལས་མ་ལྷག།།
སྣང་བ་ལགས།
ངས་ཁྱེད་རང་རྟག་ཏུ་སྒུག་པ་ནི་ཁྱེད་ཀྱི་གཞན་ཕན་དང་ལྷག་བསམ་ཡོད་ཚད་ནས་ཡོད་ཚད།
གཞན་ལ་འཕྲོ་བས་ཉིན་མོའི་དུས་སུ་ངས་ཁྱེད་ཀྱི་དྲོད་ལ་ལོངས་སུ་སྤྱོད་མཚན་མོའི་དུས་སུ་ངས་ཁྱེད་རང་བསྒོམས་ནས་སླར་ཡང་སྒུག།
