བུ་ཏོག་ཏོག

སྤྲང་ཕྲུག་ལགས། ང་བུ་ཏོག་ཏོག་ཡིན། ཁྱེད་ཀྱིས་ངའི་ཟིན་བྲིས་ལ་ཐོག་མར་བསམ་ཚུལ་སྤེལ་བར་ཐུགས་རྗེ་ཆེ།  འོན་ཏེ་ཁྱེད་ཀྱིས་བཀའ་ཁྲིའི་འོས་མི་གསུམ་གྱི་ཕྱིའི་སྐུ་གཟུགས་མཛེས་མིན་དང་དགུང་ལོ་མཐོ་མིན་ལ་བལྟས་ནས་བཀའ་ཁྲིར་འོས་མིན་གཟིགས་པ་དེར་ངས་རྒྱབ་སྐྱོར་མེད།  བཀའ་ཁྲི་འོས་མིན་དང་མཛེས་མ་འགྲན་བསྡུར་གཏན་ནས་མི་འདྲ།  དེར་བརྟེན་མ་འོངས་བཀའ་ཁྲིར་འོས་མིན་ནི་ཤེས་ཡོན་དང་། ལྷག་བསམ།  རྣམ་དཔྱོད། འཇོན་ཐང་། ཉམས་མྱོང་སོགས་ལས་སྤྲོས་ཏེ་བགྲོ་གླེང་བྱེད་དགོས་པ་ལས་རྒན་གཞོན་དང་ཕོ་མོ་སྐྱ་སེར་སོགས་ཀྱིས་ཁྱད་པར་འབྱེད་མིན་རུང་། བཙན་བྱོལ་བོད་གཞུང་གི་གཏན་འབེབ་གནང་བའི་བཀའ་ཁྲིའི་ཁྱད་ཆོས་སུ་དེ་དག་མི་རུང་བར་གསུངས་མི་འདུག  སྤྲུང་ཕྲུག་ལགས་མ་འོངས་པར་ཁྱེད་རང་ཕྱུག་ཕྲུག་ཏུ་འགྱུར་བ་སྨོན་འདུན་ཞུ།