སློབ་གྲའི་གུང་གསེང་སྐབས་སུ་བསྒྱུར་བའི་རྒྱལ་སྤྱྱིའི་རྐང་པོལ་འགྲན་བསྡུལ།

རྐང་པོལ་རྩེད་འགྲན་ནི་དུས་རབས་བཅུ་དགུའི་མཇུག་ཏུ་བྱུང་བ་རེད།  དེའི་སྐབས་རྐང་པོལ་བ་ཚོས་རྩེད་མོ་རང་རྩིས་ནས་རྩེ་བ་མ་གཏོགས་དངུལ་གྱི་ཆེད་དུ་རྩེ་ཡི་མེད།  ཕྱི་ལོ ༡༨༦༣ ལོར་རྐང་པོལ་རྩེད་འགྲན་ལ་ཚོགས་པ་ཆགས་པ་ནས་སྒྲིག་ལམ་ཁ་ཤས་གསར་བཏོད་བྱས་པ་རེད།  ཕྱི་ལོར་ ༡༩༠༤ ལོར་ཧྥི་ཧྥ་{FIFA}ཞེས་པའི་ཚོགས་པ་དེ་གསར་དུ་བཙུགས་པ་ནས་རྐང་པོལ་རྩེད་འགྲན་དེ་ཧ་ཅང་དར་ཁྱབ་ཆེན་པོ་ཕྱིན་པ་རེད།  ཕྱི་ལོ ༡༩༣༠ ལོར་རྒྱལ་སྤྱིའི་རྐང་པོལ་འགྲན་བསྡུར་སྐབས་འཛམ་གླིང་ཡོངས་སུ་རྩེད་མོ་དེ་མེ་འབར་བ་ལྟར་ཁྱབ་པ་རེད།  རྒྱལ་སྤྱིའི་རྐང་པོལ་འགྲན་བསྡུར་དང་པོ་དེ་ལ་རྒྱལ་ཁབ་བཅུ་གསུམ་གྱི་རུ་ཁག་མ་གཏོགས་འཛུལ་ཞུགས་ཐུབ་མེད།  འོན་ཀྱང་དེའི་རྗེས་སུ་རིམ་པས་ཡར་རྒྱས་ཕྱིན་ནས་ལུང་པ་བཅུ་དྲུག་དང་ཉེར་བཞི་སོགས་རིམ་བཞིན་འཕར་བར་བརྟེན་ཐ་མར་ལུང་པ་སུམ་ཅུ་སོ་གསུམ་གྱི་རུ་ཁག་སོ་གསུམ་གཏན་འབེལ་བྱས་པ་རེད།  དེང་སང་རྒྱལ་ཁག་སོ་གསུམ་གྱི་རུ་ཁག་སོ་གསུམ་ཏག་ཏག་འཛུལ་ཞུགས་བྱེད་ཀྱིན་ཡོད།  ཕྱི་ལོ་ ༢༠༡༠ ལོར་རྒྱལ་སྤྱིའི་རྐང་པོལ་འགྲན་བསྡུར་ནང་ཐོག་མར་འཛུལ་ཞུགས་བྱེད་མཁན་རྒྱལ་ཁབ་༢༠༥ ཡི་རུ་ཁག་བྱུང་ཡོད། དེང་སྐབས་རྩེད་རིགས་ཡོངས་ལས་འཛམ་གླིང་མི་མང་རྣམས་ཀྱིས་དགའ་མོས་ཆེ་ཤོས་ནི་རྐང་པོལ་རྩེད་འགྲན་དེ་ཆགས་ཡོད།                                                                 

                                    

 ཕྱི་ལོ ༡༩༥༠ ལོར་རྒྱལ་སྤྱིའི་རྐང་པོལ་རྩེད་འགྲན་དེ་ཐེངས་བཞི་པ་རེད་དེའི་སྐབས་དབྱིན་ལེན་ཌི་རུ་ཁག་ལ་ཐ་མའི་རྒྱལ་ཁ་ཐོབ་པ་རེད།  འོན་ཀྱང་རྒྱལ་ཁབ་ཁ་ཤས་ཀྱི་རུ་ཁག་བར་རྩེད་འགྲན་གཅིག་པ་ཆགས་པ་ཚང་མ་བུད་དགོས་བྱུང་བ་ནི་སྐབས་དེར་དམིགས་བསལ་བྱུང་བ་རེད།  དེ་ལས་ཀྱང་ཡ་མཚན་པ་ཞིག་ལ་རྒྱ་གར་གྱི་རྩེད་འགྲན་པ་རྣམས་ཀྱིས་རྐང་པར་ལྷམ་གོག་མ་གྱོན་ནས་རྩེས་ཀྱིན་ཡོད་ཙང་བུད་པ་རེད       

 

བྷའི་བྷའི་སི{BBC}ཡིས་ཕྱི་ལོ་ ༡༩༣༦ ལོར་དབྱིན་ཇིའི་རྐང་པོལ་རྩེད་འགྲན་ཐོག་མར་བརྙན་འཕྲིན་ནང་དུ་སྟོན་ཡག་དབུ་བཙུགས་པ་རེད།  དེ་ནས་རྒྱལ་སྤྱིའི་རྐང་པོལ་འགྲན་བསྡུར་ཡང་ཕྱི་ལོ༡༩༥༤ ལོར་བརྙན་འཕྲིན་ནང་ཐོག་མར་སྟོན་པ་རེད།  འོན་ཀྱང་དེའི་སྐབས་བརྙན་འཕྲིན་ནང་རྩེད་འགྲན་རིམ་པ་གསུམ་པ་{Quarter Final}སོགས་ལས་ཆ་ཚང་སྟོན་ཐུབ་ཀྱིན་མེད།  ཕྱི་ལོ་ ༡༩༥༨ ལོར་རྒྱལ་སྤྱིའི་རྐང་པོལ་འགྲན་བསྡུར་སཱང་ཝེཌེན་{Sweden}ལ་རྩེ་སྐབས་རྩེད་འགྲན་རིམ་པ་ཆ་ཚང་བརྙན་འཕྲིན་ནང་ཡག་ཤིན་ཏུ་ཡར་རྒྱས་ཕྱིན་པ་རེད།  དེང་སང་སྐད་གྲགས་ཧ་ཅང་ཆེ་བའི་རྐང་པོལ་རྩེད་འགྲན་ཆ་ཚང་འཛམ་གླིང་ཡོངས་སུ་བརྙན་འཕྲིན་ནང་དུས་གཅིག་ཏུ་ཐད་ཀ་སྟོན་ཐུབ་ཀྱིན་ཡོད།                                                                     

 

ཕྱི་ལོ་༢༠༡༠ ལོར་རྒྱལ་སྤྱིའི་རྐང་པོལ་འགྲན་བསྡུར་དེ་ལྷོ་ཨ་ཕྷི་རི་ཀའི་རྒྱལ་ཁབ་དུ་རྩེས་བ་རེད།  རྩེད་འགྲན་དེ་དུས་ཡིན་ཕྱི་ལོ་ ༢༠༡༠ ཟླ་ ཚེས་ ༡༡ ནས་ཟླ་བ་༧ པའི་ཚེས་༡༡ བར་ཟླ་བ་གཅིག་ཏག་ཏག་ཡོད་པ་རེད།  རྒྱལ་ཁབ་དེའི་གྲོང་ཁྱེར་ཆེན་མོ་དགུ་ལ་རྩེད་ཐང་སོགས་གོ་སྒྲིག་ཧ་ཅང་ཕུན་སུམ་ཚོགས་པོ་བྱས་པ་རེད།  དེའང་རྩེད་ཐང་དང་པོ་གྱོང་ཁྱེར་ཀེབ་ཊོཝན {Cspe Town}དུ་ཡོད་པའི་རྩེད་ཐང་གྷི་རེནཔོནཊི {Green Point Stadium} དང་། རྩེད་ཐང་གཉིས་པ་གྲོང་ཁྱེར་ཌུར་རྦན་{Durban}དུ་ཡོད་པའི་རྩེད་ཐང་མོ་སེ་སུ་མ་བྷི་ཌ{Moses Mabhida Stadium} རེད། དེའི་ནང་དུ་ལྟད་མོ་བ་ཤོང་ཚད་ནི་ཁྲི་བདུན་ཡིན་པ་རེད།  རྩེད་ཐང་གསུམ་པ་ཨེ་ལིས་པག་{Ellis Pask Stadium}ནི་ཕྱི་ལོ་༡༩༨༢ ལོར་བཙུགས་པ་རེད།  དེའི་ནང་ལྟད་མོ་བ་ཤོང་ཚད་ནི་དྲུག་ཁྲི་གཅིག་སྟོང་ཡིན་པ་རེད། རྩེད་ཐང་བཞི་པ་གྲོང་ཁྱེར་ཇོ་ནེན་ས་རྦུག་{Johannesburg}ཏུ་ཡོད་པོའི་རྩེད་ཐང་སཱོ་ཀཱར་སི་ཊི{Soccer Cirt} ནང་དུ་ལྟད་མོ་བ་དགུ་ཁྲི་བཞི་སྟོང་བདུན་བརྒྱ་ཤོང་གིན་ཡོད་པ་རེད། རྩེད་ཐང་ལྔ་པ་གྲོང་ཁྱེར་རྦ་ལོམ་ཕོན་ཊིན་{Bloemfontein}དུ་ཡོད་པའི་རྩེད་ཐང་ཧྥ་རེ་སཊཊེ{free State Stadium}ནི་ཕྱི་ལོ་ ༡༩༥༢ ལོར་གསར་དུ་བཙུགས་པ་ཞིག་རེད། དེའི་ནང་ལྟད་མོ་བ་བཞི་ཁྲི་བརྒྱད་སྟོང་ཤོང་གིན་ཡོད་པ་རེད།  རྩེད་ཐང་དྲུག་པ་ནོ་བྷེལ་གཟེངས་རྟགས་བཞེས་མཁན་ནེལ་སོན་མན་ཌེ་ལ་{Nelson Mandela}མཆོག་གིས་བཟོས་པའི་རྩེད་ཐང་ཨེ་ལི་ཛེ་རྦེར{Elizabeth Stadium}ནང་དུ་ལྟད་མོ་བ་ཤོང་ཚད་ནི་བཞི་ཁྲི་བརྒྱད་སྟོང་ཡིན་པ་རེད།  རྩེད་ཐང་བདུན་པ་ནི་གྲོང་ཁྱེར་ནེལ་ས་པ་རུ་ཊ{Nelspruit}རུ་ཡོད་པའི་རྩེད་ཐང་བྷོམ་བྷེ་ལ{Mbombela Stadium}རུ་ལྟད་མོ་བཞི་ཁྲི་དྲུག་སྟོང་ཤོང་གིན་ཡོད་རེད། རྩེད་ཐང་བརྒྱད་པ་ནི་གྲོང་ཁྱེར་རུ་ས་ཊེནརྦུར{Rustenburg}ནང་དུ་ཡོད་པའི་རྩེད་ཐང་རོ་ཡལ་རྦ་ཧྥོ་ཀེན་{Royal Bafokeng Stadium}ནི་ཕྱི་ལོ་༡༩༩༩ལོར་བཙུགས་པ་རེད་དེའི་ནང་ལྟད་མོ་ཤོང་ཚད་ནི་བཞི་ཁྲི་དུག་སྟོང་ཡིན་པ་རེད། རྩེད་ཐང་བརྒྱད་པ་ནི་གྲོང་ཁྱེར་པ་རེ་ཊོ་རེ་ཡ་{Pretoria}རུ་ཡོད་པའི་རྩེད་ཐང་ལོ་ཧྥ་ཊ་ས་ཧྥར་ས་ཧྥེལ་{Loftus Versfeld Stadium}ནི་ཕྱི་ལོ་༡༩༠༦ ལོར་བཙུགས་པ་རེད་དེའི་ནང་ལྟད་མོ་ཤོང་ཚད་ནི་ཁྲི་ལྔ་ཡིན་པ་རེད། ཕྱི་ལོ་༢༠༡༠་ལོར་རྐང་པོལ་རྩེད་འགྲན་ཐ་མ་དེ་རྩེད་ཐང་འདིའི་ནང་རྩེས་བ་རེད།   

 

   གསར་འགོད་པས་ཉེ་བའི་ཆར་ཟེར་ཡག་ལ་ལིའུ་ནེལ་མེས་སི་(Lionel Messi)ནི་འཛམ་གླིང་ནང་གི་རྐང་པོལ་བ་རྒྱུ་ཕྱུག་ཤོས་རེད་འདུག   ཁོ་ནི་ཨར་ཇན་ཊི་ནའི{Argentina}་མི་རིགས་ཞིག་ཡིན་པ་དང་ཁོའི་རུ་ཁག་ནི་བྷར་སེ་ལོ་ན་(Barcelona Football Club)ཡིན། ཁོ་ལ་ལོ་གཅིག་ནང་དབྱིན་སྒོར་(pounds)ས་ཡ་༢༩.དང་འབུམ་༦ རག་གིན་ཡོད   རྒྱུ་ཕྱུག་ཤོས་གཉིས་པ་དབྱིན་ཇའི་{England}རྐང་པོལ་བ་སྦྲེ་ཝིཊ་བྷེ་ཁམ ་{David Beckham}ཡིན།  ཁོ་ལ་ལོ་གཅིག་ནང་དབྱིན་སྒོར་(pounds)ས་ཡ་༢༧.དང་འབུམ ༣ རག་གིན་ཡོད། དེ་ནས་པོར་ཅུ་གྷལ་{Portugal}གྱི་རྐང་པོལ་བ་ཁ་རི་ས་ཊི་ནོ་རོ་ནལ་སྒྲོ་{Cristiano Ronaldo}ལ་ལོ་གཅིག་ནང་དབྱིན་སྒོར་(pounds)ས་ཡ་༢༧རག་གིན་ཡོད། བྱས་ཙང་ཁོ་ཕྱུག་ཤོས་གསུམ་པ་རེད། ཀཱ་ཀཱ་{Kaka}ནི་བྷ་ར་ཛིལ་{Brazil}གྱི་རྐང་པོལ་བ་ཡིན་པ་དང་ཁོ་ལ་ལོ་གཅིག་ནང་དབྱིན་སྒོར(pounds)༡༦དང་འབུམ་༩ རག་གིན་ཡོད།  ཁོ་དང་ཁ་རི་ས་ཊི་ནོ་རོ་ནལ་སྒྲོ{Cristiano Ronaldo}གཉིས་རུ་ཁག་གཅིག་པ་ཡིན།  རུ་ཁག་གི་མིང་ལ་རེལ་མེ་ཌརིཌ་(Real Madrid)ཡིན། རྒྱུ་ཕྱུག་ཤོས་ལྔ་པ་ནི་ཕྷ་རན་སེ་France}རྒྱལ་ཁབ་ཀྱི་རྐང་པོལ་བ་ཐིར་རི་ཧན་རི་{Thierry Henry}ཡིན།  ཁོ་ལ་དབྱིན་སྒོར་(pounds)ས་ཡ་ ༡༦དང་འབུམ ༦ རག་གིན་ཡོད་རེད། ཡང་བྷ་ར་ཛིལ{Brazil}རྒྱལ་ཁབ་ཀྱི་རྐང་པོལ་བ་རོ་ན་ཌི་ནོ{Ronaldinho}་ལ་ལོ་གཅིག་ནང་དབྱིན་སྒོར་(pounds)ས་ཡ་ ༡༥ དང་འབུམ་༥རག་གིན་ཡོད་རེད། ཨར་ཇན་ཊི་ན{Argentina}་ཡི་རྐང་པོལ་བ་དང་རུ་ཁག་མེན་ཆས་སི་ཊ་{Manchester City Club}ནང་དུ་ཡོད་པའི་ཀར་ལོསུ་ཊེ་ཝེཛ{Carlostevez}ལ་ལོ་གཅིག་ནང་དུ་དབྱིན་སྒོར་(pounds)ས་ཡ་༡༣་དང་འབུམ་༨ རག་གིན་ཡོད།  དེ་ནས་ས་ཝེ་ཌེན་{Sweden}རྒྱལ་ཁབ་ཀྱི་རྐང་པོལ་བ་ཛ་ལ་ཊན་བྷ་ར་མོ་ཧྥིས{Zlatan lbrahimovic}ལ་ལོ་གཅིག་ནང་དུ་དབྱིན་སྒོར་ས་ཡ་༡༣ རག་གིན་ཡོད།    དབྱིན་ཇིའི་རྒྱལ་ཁབ་ཀྱི་རྐང་པོལ་བ་ཧྥ་རེན་ཀ་ལམ་པར་ཌ{Frank Lampard}ལོ་གཅིག་གི་ནང་དུ་དབྱིན་སྒོར་ས་ཡ་༡༢དང་འབུམ་ ༤ རག་གིན་ཡོད།  ཀེམ་རོན་Cameroon}རྒྱལ་ཁབ་དང་རུ་ཁག་ཨིན་ཊེར་མི་ལན་{Inter Milan}ནང་དུ་ཡོད་པའི་རྐང་པོལ་བ་ཨིཊོ{Eto’o} ལ་ལོ་གཅིག་ནང་དུ་དབྱིན་སྒོར་ས་ཡ་༡༢དང་འབུམ ༨ རག་གིན་ཡོད། 

དེའང་ཕྱི་ལོ་༢༠༡༠ལོའི་རྒྱལ་སྤྱིའི་རྐང་པོལ་རྩེད་འགྲན་དེ་དམིགས་བསལ་རེད། གང་ཡིན་ཞེ་ན།  གླིང་ཕྲན་ལྷོ་ཨ་ཧྥི་རི་ཀའི་{South Africa}རྒྱལ་ཁབ་ནང་དུ་རྩེ་བ་ཐེངས་དང་པོ་རེད། དེར་བརྟེན་གླིང་ཕྲན་དེའི་ནང་ཧ་ཅང་སྐད་གྲགས་ཁྱབ་པ་རེད། རྐང་པོལ་ཐོག་མ་བཟོ་མཁན་ཨེ་ཌི་ཌསི་{Addas}རེད། ཁོས་པོ་ལོའི་མིང་ལ་ཇེ་བྷུ་ལ་ནི་{Jabulani}ཞེས་བཏགས་ཡོད་པ་རེད། དེའི་དོན་ནི་རྐང་པོལ་རྩེད་འགྲན་དེས་སྤྲོ་སྣང་དང་བདེ་སྐྱིད་གླིང་ཕྲན་ཡོངས་དང་འཛམ་གླིང་མི་མང་ཐམས་ཅད་དུ་ཁྱབ་པའི་དོན་རེད།  ཕྱི་ལོ་༢༠༡༠ལ་གླིང་ཕྲན་{Africa}ལ་འཛམ་གླིང་རྐང་རྩེད་པོ་ལོ་དེ་ཐོག་མར་རྩེ་ཐུབ་པ་མ་ཟད་མི་ས་ཡ་མང་པོ་སྐྱིད་པོ་བྱུང་ཡོད་པ་རེད།