དྲོན་གསོ་དགོས་པའི་རྙོག་གཞི་།

  1. བོད་གཞུང་ལ་ལྔ་བཅུ་ང་དགུ་ནས་ད་བར་འཕྲད་པའི་ནང་ཁུལ་དཀའ་ངལ་རིམ་གྱི་དྲན་གསོ་ཞིག་གཏོང་ན།  དང་པོར་ ཚོགས་ཁག་བཅུ་གསུམ་གྱིས་བྱེད་ཕྱོགས་དང་དེའི་དམིགས་ཡུལ་རང་གཞུང་ལ་དཀའ་ངལ་ཇི་ཙམ་བཟས་ཡོད་མེད་། གཉིས་པར་ ཐད་ཝེ་བོད་སོག་ལས་ཁུང་བསྒྱུར་གང་ས་ནས་དངུལ་མང་པོ་ཟས་པས་དོན་རྐྱེན་གྱི་གཞུང་ལ་དཀའ་ངལ་ཇི་ཙམ་འཕྲད་ཡོད་མེད་དང་། གསུམ་པར་  ཆུ་བཞི་སྒོང་དྲུག་གི་ཚོགས་པའི་མིང་ཐོག་ནས་ཚོགས་མི་འགའི་བྱེད་སྟངས་ངན་པ་དེའི་རང་གཞུང་ལ་དཀའ་ངལ་ཇི་ཙམ་བཟས་ཡོད་མེད་།    བཞི་བར་  དོར་རྒྱལ་ཡི་རྙོག་གཞི་འདིའི་བོད་ཀྱི་སྤྱིར་ཚོགས་ནང་མི་བསད་ཁྲ་སྦྱོར་དང་ ནང་ཁུལ་ཁ་བྲལ་དང་ཤ་རུས་གཅིག་པའིཡོང་ཁུངས་ཁ་ཐོར་བཏང་མཁས་ནི་དོར་རྒྱའི་རྗེས་འགྲང་ཚོ་རེད། ཉེ་ཆ་གོང་ས་མཆོག་ལྷོ་ཕྱོགས་སུ་ཕེབས་སྐབས་གང་གསུང་ཡོད་དམ་། གང་ཟག་སུ་ཞིག་ལ་བཀའ་སློབ་གང་ཞིག་ཕེབས་ཡོད་དམ་།  ང་ཚོ་གཞན་སྐྱེས་ཚོ་འཛམ་གླིང་མི་དམངས་ཀྱི་འདུམ་ལ་ངོ་མི་ཚར་རམ་།   འདི་ཀློག་པ་པོ་རྣམས་ཞུ་རྒྱུ་ནི་ བོད་ཀྱི་བསྟན་པ་ཆ་སྲིད་ལ་སེམས་འཁུར་ཡོད་ན་གླེང་སློང་མང་ཙམ་བྱེད་དགོས་། བོད་གཞུང་དང་མི་རིགས་ལ་ཐང་ཆུང་བཏང་བ་ཤེས་པ་བྱེད་དགོས་སམ་།