བཀྲ་ཤིས་བདེ་ལེགས་ཞུ།

༄༅།   དྲྭ་གྲོགས་རྣམ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ  ད་ཕན་ངས་ཁྱེད་ཚོའི་ཟིན་བྲིས་ཡང་ཡང་བཀླགས་མྱོང་བ་ལས་ང་རང་གིས་གནད་དོན་གང་ལ་ཡང་ཟིན་བྲིས་གཏན་ནས་སྤེལ་མ་མྱོང་།  འོན་ཀྱང་ད་ཐེངས་ང་རང་བོད་ཀྱི་བང་ཆེན་ཟིན་བྲིས་ནང་དུ་འཛུལ་ནས་ཁྱོད་ཚོ་དང་མཉམ་དུ་ཕྱི་ལོ་༢༠༡༡ལོའི་བཀའ་ཁྲི་འོས་མི་གསུམ་དང་སྤྱི་འཐུས་འོས་མིའི་ཁྱད་ཆོས་སྐོར་བགྲོ་གླེང་བྱེད་འདུན་ཡོད།ཝེ་དྲྭ་གྲོགས་ལགས།  ཁྱེད་ཀྱིས་བཀའ་ཁྲི་འོས་མི་གསུམ་ལས་གང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་དམ།  དེ་ལ་གཞན་གཉིས་ལས་ལྷག་པའི་ཁྱད་ཆོས་གང་ངོས་འཛིན་གྱིན་ཡོད་དམ།