ཏཱ་ལའི་རུ་ཚོགས་ཀྱི་གཙོས་པའི་ཁ་ཕྲལ་སྟོབས་ཤུགས་དང་དབྱེ་མཚམས་གསལ་པོ་ཕྱེ།
ཚོགས་ཐོག་ཏུ་ཉི་མ་ཚེ་རིང་གིས་ སྲིད་གཞུང་གི་ཚབ་བྱས་ནས། སེ་རའི་པའི་དགེ་འདུན་པ་ “ལས་དོན་ཚོགས་ཆུང་གི་ལས་ཀར་གཞོགས་འདེགས་ཧུར་ཐག་བྱས་ཏེ། ཆོས་ཁྲིམས་སྲུང་བ་དང་དཔེ་ཆ་ཡག་པོ་སྦྱངས་ཏེ་སེ་ར་དགོན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་སྔར་བས་དར་སྤེལ་བཏང་ནས། ཆབ་སྲིད་དང་བསམ་བློ། བྱ་སྤྱོད་བཅས་ཀྱི་ཐོག་ནས་ཏཱ་ལའི་རུ་ཚོགས་ཀྱི་གཙོས་པའི་ཁ་ཕྲལ་སྟོབས་ཤུགས་དང་དབྱེ་མཚམས་གསལ་པོ་ཕྱེ་སྟེ། རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་འདུན་པ་ཡག་པོ་ཞིག་བྱས་ནས། དགོན་སྡེ་དེ་ཉིད་བློ་རྩེ་གཅིག་སྒྲིམ་ངང་སྒོམ་སྒྲུབ་རྒྱག་ས་ཞིག་ལ་འགྱུར་བ་བྱེད་དགོས་པ་དང་། དོ་དམ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག སྒྲིག་སྲོལ་ལམ་ལུགས་ཁག་བརྩི་སྲུང་ནན་པོ་བྱས་ཏེ། དགོན་སྡེ་བདེ་འཇགས་དང་བརྟན་ལྷིང་ཡོང་རྒྱུ་རང་གི་འགན་ཁྲིར་བརྩིས་ནས། དུས་བདེའི་དགོན་པ་དང་གཞི་མཐུན་གྱི་དགོན་པ་བསྐྲུན་པའི་བྱེད་སྒོ་ཧུར་ཐག་སྤེལ་རྒྱུའི་”སྐུལ་མ་བྱས་ཡོད་པ་རེད།