ལོ་གསར་ལ་འཚམས་འདྲི་ཞུ།

བོད་རྒྱལ་ལོ༼༢༡༣༨༽རབ་གནས་ལྕགས་ཡོས་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་གྱི་རྟེན་འབྲེལ་ལ་རང་རིགས་ལ་གློ་བ་དཀར་ཞིང་ལྷག་བསམ་གྱི་མཁྱེན་རྒྱ་ཕྱུག་པའི་བང་ཆེན་དྲ་བདག་དང་རང་རིགས་མེས་པོའི་གདུང་རྒྱུད་གཅིག་པའི་གཞིས་བྱེས་བོད་མི་ཡོངས་དང་ས་གནས་གང་སར་གནས་པའི་མི་རིགས་ཀུན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་ལོ་གསར་པའི་ནང་ལུས་ངག་ཡིད་གསུམ་གྱི་བྱ་བཞག་རྣམས་འབད་མེད་ལྷུན་གྱིས་འགྲུབ་པ་དང་མཐུན་འབྲེལ་གྱི་ལག་གཟུང་གནམ་དུ་བསྒྲེང་ཞིང་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོའི་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམས་ཡར་ངོའི་ཟླ་བཞིན་འཕེལ་བས་སྨོན་འདུན་ཁྲི་མ་འབུམ་དང་བཅས་རང་རིགས་ཀྱི་ཁོངས་སུ་གཏོགས་ཀྱང་ཐ་ཤལ་བའི་གྲལ་སུ་གནས་པ་དཔལ་གུང་ཟླ་བ་འབོད་པས།།