ང་འདི་ལྟར་མི་ཡུལ་དུ་འཁྱམ་ནས་མི་ལོ་༡༢ ཟིན་སོང་།
མི་ཚེ་འདི་ལྟར་འཁྱོར་རམ། ང་། ཁེ་རྐྱང་གི་མི་ཚེ། སྐྱབས་བཅོལ་བའི་མི་ཚེ། ས་མཐའི་སྤྲང་འཁྱམ་གྱི་མི་ཚེ། རྒྱང་རིང་དུ་ཡོད་པའི་ངའི་ཕ་མ་སྤུན་མཆེད་ཀྱིས་ཡང་ཡང་ང་ལ་རེ་ལྟོས་བྱས་ཡོད། སེམས་ཁྲེལ་ཡོད་པ་བཤད་མི་དགོས། ལོ་གསར་པའི་ནང་དུ་ཚང་མར་ལམ་འགྲོ་ཡོང་བའི་སྨོན་འདུན་བཅས་སྤྲང་ཕྲུག་ཆོས་ཉིད་ འོད་ཟེར་གྱིས་རྒྱ་གར་རྡ་རམ་ས་ལ་ནས་རབ་གནས་ལྕགས་སྟག་ལོའི་ཚེས་མཐའ་གནམ་གང་ ཉིན་སྤེལ།
