ན་ཆུང་དུས་སྐྱིད་སྣང་དྲན།
ཁ་བཀྲི་སེར་པོས་ཞོ་ཟོ་མཛེས་དུས་རེད།།
དཀར་མཐུད་མངར་མོ་དབུས་སུ་བཤམས་དུས་རེད།།
ཁ་ཚ་སྣུམ་པོས་ལྟོ་བ་འབྲང་དུས་རེད།།
ཨ་ཕའི་ཁ་ཏ་རྣ་བར་སྙན་དུས་རེད།།
ཨ་མའི་བྱམས་བརྩེས་འཛུམ་དམུལ་སློང་དུས་རེད།།
ཕུ་ནུ་མིང་སྲིང་བརྩེ་མདངས་ཆེ་དུས་རེད།།
རྫི་རོགས་ཕོ་མོས་གླུ་ཤགས་འགྲན་དུས།།
མར་འབབ་ཆུ་བོའི་གླུ་སྒ་སྙན་དུས་རེད།།
ཡར་སྐྱེས་རྩི་ཤིང་བཀྲག་མདངས་ཆེ་དུས་རེད།།
ལོ་ཡག་སྙེ་མའི་རྟ་རྒྱུགས་ལེན་དུས་རེད།།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་དུས་རེད།།