༢༠༡༡ ལོར་ཝར་ཎར་སླེབས་པའི་ཚོར་སྣང་།
ཞི་བའི་བདག་པོ་དམ་པ་དེས།།
ཞི་བའི་སྤྱོད་ལ་འཇུག་པའི་གཞུང་།།
ཞི་བས་གསལ་བར་གདམས་པ་ན།།
ཞི་བའི་གནས་སུ་གྱུར་པ་ལྟ།།
ཉིན་རེ་ཉིན་རེ་བཞིན་དུ་ནི།།
རང་རང་རང་རང་ཕྱོགས་སུ་བསྐྱོད།།
འདུ་བྲལ་འཁོར་བའི་ཆོས་ཉིད་ནི།།
མིག་ལ་མངོན་སུམ་སྣང་བར་གྱུར།།