མི་སྡུག་རང་དབང་མི་འདུག །
གཞིས་ལུས་གཞོན་སྐྱེས་མང་པོ་མདུན་བསྐྱོད་ལ་བྲེད་དུས།།
མི་ཆོས་གཙང་མའི་ལྟ་གྲུབ་གཡས་ཟུར་དུ་བཞག་སོང་།།
མ་འོངས་བོད་མིའི་བདེ་སྡུག་འབྱུང་ཁུངས་ལ་བསམ་ཚེ།།
རང་སེམས་སོམ་ཉི་རྒྱ་ལས་ཐར་ཐབས་ཞིག་མི་འདུག །
རང་སྐད་རང་གཤིས་སློབ་གསོ་ཡེ་བྲལ་གྱི་སློབ་གྲྭ །
དོན་སྙིང་ཐག་གཅོད་མེད་པའི་གྲོས་ཚོགས་ཀྱི་ར་བ།།
ལས་མེད་ན་གཞོན་མང་བའི་སྤྱི་ཚོགས་དེ་མཐོང་དུས།།
རང་སེམས་མུན་པའི་སྨག་དང་དབྱེར་མེད་དུ་འདྲེས་སོང་།།