གླུ་པ་གྲགས་ཅན་བཀྲ་ཤིས་ཉི་མས་རྟགས་མ་བླངས་པ།

བོད་ཀྱི་གླུ་བ་བཀྲ་ཤིས་ཉི་མར་ཀྲུང་གོའི་གདོད་མའི་དམངས་གླུ་རྒྱས་ཚོགས་སྟེང་གསེར་གྱི་རྟགས་མ་རག་པ།

 

ཀྲུང་གོའི་གདོད་མའི་དམངས་གླུ་གཟབ་རྒྱས་དགོང་ཚོགས།

མི་རིགས་ཀྱི་ཕུལ་དུ་བྱུང་བའི་དམངས་ཁྲོད་སྒྱུ་རྩལ་དར་སྤེལ་དང་། མི་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་། སྲུང་སྐྱོབ། རྒྱུད་འཛིན། དར་སྤེལ་བཅས་བྱེད་པར་སྐུལ་འདེད་དང་། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཟླ༤བའི་ཚེས༡༡ཉིན་གྱི་དགོང་མོར་མན་ཀྲོའུ་གླུ་གར་ཁང་དུ་ཀྲུང་གོའི་རིག་རྩལ་ལས་རིགས་ཀྱི་ཆེས་ཡང་རྩེར་སོན་པའི་རྟགས་མའི་ནང་གི་གཅིག་ཏེ། ཀྲུང་གོའི་གདོད་མའི་དམངས་གླུ་སྟོན་ཚོགས་སྐབས་ཐོག་མའམ་ཀྲུང་གོའི་དམངས་ཁྲོད་རིག་རྩལ་སྐབས་བཅུ་གཅིག་པའི་རི་སྐྱེས་མེ་ཏོག་གི་བྱ་དགའ་ཞེས་པའི་མུ་འབྲེལ་བྱེད་སྒོ་སྤེལ་བ་རེད།

ཆེད་མཁས་པས་ཞིབ་དཔྱད་ནན་མོ་བྱས་པར་བརྟེན་ནས་བྱ་དགའ་ཁག་བདེ་བླག་ངང་བྱུང་བ་མ་ཟད། ཚེས༡༡ཉིན་གྱི་དགོང་མོར་བྱ་དགའ་གནང་བའི་མཛད་སྒོའི་སྟེང་བྱ་དགའ་ཐོབ་མཁན་གྱི་མིང་ཕྱིར་བསྒྲགས་པ་རེད། གླུ་བ་གྲགས་ཅན་བཀྲ་ཤིས་ཉི་མས་བླངས་པའི་བོད་ཀྱི་དམངས་གླུསྦྲ་ནགལ་གདོད་མའི་དམངས་གླུ་གཟབ་རྒྱས་དགོང་ཚོགས་སྟེང་གསེར་གྱི་རྟགས་མ་རག་པ་དང་། པད་མའི་བོད་ཀྱི་དམངས་གླུཔད་མའི་སྤྲོ་གླུཞེས་པར་དངུལ་གྱི་རྟགས་མ་རག་པ་རེད།