སྒྲ་རྒྱན་རིག་པའི་རོལ་རྩེད།
རེག་འཇམ་འཇམ་པའི་ན་བཟའ་སྐུ་ལ་མཛེས།།
མཆོད་ཡོན་ཡོན་མཆོག་མཆོག་གིས་བདེ་བ་སྟེར།།
ཞབས་བསིལ་བསིལ་མཆོག་མཆོག་གིས་ཐུགས་སེམས་སྤྲོ།།
མེ་ཏོག་ཏོག་མཆོག་མཆོག་གིས་མཛེས་པར་བརྒྱན།།
བདུག་སྤོས་སྤོས་མཆོག་མཆོག་གིས་དྲི་ངད་ཐུལ།།
སྣང་གསལ་གསལ་མཆོག་མཆོག་གིས་རྨོངས་མུན་བསལ།།
དྲི་ཆབ་ཆབ་མཆོག་མཆོག་གིས་སྐོམ་གདུང་འཇོམས།།
ཞལ་ཟས་ཟས་མཆོག་མཆོག་གིས་ལུས་སེམས་སྤྲོ།།
རོལ་མོ་མོ་མཆོག་མཆོག་གི་སྐད་ལྟར་འཇེབས།།
འཁོར་བ་མྱང་འདས་སྐྱེས་འཕགས་ཐམས་ཅད་ཀུན།།
འདོད་པའི་ཡོན་ཏན་འདི་དག་འབུལ་འོས་ལ།།
སོ་སྐྱེས་ཐ་མལ་ལོངས་སུ་སྤྱོད་ན་ཡང་།།
འཕགས་སངས་ཞིང་མཆོག་མདུན་སར་དད་རྫས་ཙམ།།
སྤྱི་ལོ་༡༩༩༦་ལོར་བློ་གསལ་གླིང་སློབ་གྲྭའི་འཛིན་གྲྭ་བརྒྱད་པའི་སློབ་མ་རྣམས་ལ་སྒྲ་རྒྱན་འཁྲིད་སྐབས་སློབ་ མའི་རྩོམ་དཔེར་འདོད་ཡོན་ལྔ་དང་མཆོད་པ༷་སྣ་བརྒྱད་ལ་སྦྱར་ཏེ་བྲིས་པ་དེ་འདིར་བཀོད་ན་དྲ་གྲོགས་ཚོས་ གཅིག་བྱས་ན་དགའ་བསུ་ཞུ་ངེས་སོ་སྙམ་སྟེ་བཀོད་པའོ།།
