ཆོས་དུང་དཀར་པོའི་རྩོམ་བརྡ།

འོན་ཀྱང་ད་སྐབས་དུས་དེབ་འདི་ལོ་མང་གཉེར་བའི་ཉམས་མྱོང་དང་། རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་ང་ཚོར་རྩོམ་ཡིག་གི་ཞལ་འདེབས་སོགས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་གྱི་ནུས་པ་སྔར་ལས་ཀྱང་ཆེ་རུ་འགྲོ་བཞིན་པར་བརྟེན། ཤེས་འཇོན་གྱིས་ཕོངས་ཀྱང་ལྷག་བསམ་གྱིས་ཕྱུག་པའི་ང་ཚོའི་ངོས་ནས་ཀྱང་གོ་སྐབས་འདི་དམ་འཛིན་གྱིས་དུས་དེབ་འདིའི་ཁ་ཕྱོགས་ཐད་གོམ་གང་མདུན་སྐྱོད་མི་བྱེད་ཐབས་མེད་བྱུང་། ལྷག་པར་དུ་དུས་དེབ་འདི་གཉེར་ནས་ད་དབར་ལུགས་གཉིས་སྤྱི་དང་། ཁྱད་པར་རིན་ཐང་གཞལ་དུ་མེད་པའི་བཀའ་སློབ་ལམ་སྟོན་གསེར་གྱི་ཕྲེང་བ་རྒྱུན་མར་གནང་མཁན་དེང་གི་ནག་མོའི་ཁོལ་གཉིས་པ། མཁས་དབང་རཀ་ར་རིན་པོ་ཆེ་དང་། མཁས་དབང་གདོང་ཐོག་རིན་པོ་ཆེ་སོགས་ཡིན་པས། དེ་དག་ལ་ཁ་ཙམ་མིན་པར་སེམས་གཏིང་ནས་བཀའ་དྲིན་རྗེས་དྲན་བྱེད་ཀྱི་ཡོད། དེ་མཚུངས་སུ་ད་བར་རང་གི་གསེར་ལས་དཀོན་པའི་དུས་ཚོད་སྤྱད་དེ་བྲིས་པའི་རྩོམ་ཡིག་རྣམས་འདི་ག་རྩོམ་སྒྲིག་ཁང་དུ་ཞལ་འདེབས་ཀྱི་ཚུལ་དུ་གནང་མཁན་གྱི་རྒྱལ་ཕྱི་ནང་གི་རྩོམ་གྲོགས་རྣམས་དང་། དཔེ་དེབ་ཀློག་པ་པོ་ཡོངས་ལ་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཁྱེད་ཅག་གི་བླ་ན་མེད་པའི་རྒྱབ་སྐྱོར་གྱི་རླུང་བུ་མེད་ན་ང་ཚོའི་ལྷག་བསམ་གྱི་བ་དན་འདི་ཁོ་ནས་བོད་ཀྱི་རྩོམ་རིག་གི་རྒྱ་མཚོར་འཇུག་མི་ཐུབ་ཁོ་ཐག་ཡིན། མདོར་ན་མ་འོངས་པའི་ལོ་ཟླའི་ནང་ང་ཚོའི་དུས་དེབ་འདི་ལེགས་ཉེས་ཀྱི་ལམ་བུ་གང་ཞིག་བརྒྱུད་མིན་ཏེ་ཁྱོད་ཚོའི་རྒྱབ་སྐྱོར་དང་དུས་ནམ་ཡང་ཁ་འབྲལ་ཐབས་མེད་པས་མུ་མཐུད་ནས་རྩོམ་ཡིག་གི་ཞལ་འདེབས་གངྒའི་རྒྱུན་བཞིན་རྩོལ་གནང་ཡོང་བའི་རེ་བ་སྙིང་ནས་ཞུ་རྒྱུ་ཡིན། མཐའ་དོན་ཁྱེད་དུས་ནམ་ཡང་དབྱངས་ཅན་ལྷ་མོའི་མིག་ཟུང་གིས་སྲུངས་པའི་སྨོན་འདུན་བཅས། དཔྱད་བརྗོད་རྩོམ་ཡིག་རྣམས་གཤམ་གྱི་ཁ་བྱང་སྟེང་བསྐུར་གནང་ཡོད་པ་ཞུ། ཆོས་དུང་རྩོམ་སྒྲིག་ཁང་གི་འབྲེལ་མཐུད་པ་ཨ་འདུས་སྐལ་བཟང་རྒྱ་མཚོས། lkalsang99@yahoo.com