ཐོན་ལ་ཉེ་བའི་གྲོག་མ།

དེབ་འདི་ཡི་རྩོམ་པོ་ཤ་གླན་འཇམ་དབྱངས་གྲགས་པ་ལགས་ནི་ད་ལྟར་ཝ་ན་མཐོ་སློབ་སློབ་གཉེར་གནང་བཞིན་ཡོད་པ་དང་།སྔ་ཕྱིར་དུས་དེབ་དང་ཚགས་པར་བོད་ཕྱི་ནང་གི་དྲ་ལམ་ན་རྩོམ་ཡིག་མང་པོ་སྤེལ་མྱོང་ཡོད་པ་རེད་ལ།དེ་སྔོན་<<བརྩེ་བའི་ལྟེམས་པའི་ལོ་ཟླ>>ཞེས་པའི་དེབ་ཞིག་ཀྱང་བརྩམས་ཡོད་པ་རེད།རྩོམ་པ་པོ་ཁོང་གིས་བོད་ཡིག་མ་ཟད་དབྱིན་ཡིག་དང་ཧིན་རྡི་ལེགས་སྦྱར་བཅས་ལ་སྦྱངས་པ་ཟད་མོི་ཡོད་པར་བརྟེན་་རྩོམ་ཡིག་ཁག་ན་ཚུར་ལེན་དང་ནང་འདྲེན་པའི་ཁྱད་ཆོས་ཀྱང་མང་པོ་ཞིག་ཡང་ཡང་མངོན་འདུག་པས་བོད་ཀྱི་རྩོམ་རིག་ལྡིང་ཆ་སྟེང་དུ་སྔོན་མེད་པའི་མཛེས་དཔྱོད་ཀྱི་ལྟ་བ་མང་པོ་ཞིག་ལེགས་སྐྱེས་སུ་འབུལ་ཡོད་ངེས་རེད།  

གང་ལྟར་ཡང་རིང་པོི་མི་ཐོགས་པར་དེབ་དེ་ཁྱེད་ཀྱི་མི་སྔར་སོན་ངེས་རེད།དེབ་དེ་ཐོན་མཚམས་དེ་མངགས་ཉོ་བཟོ་ས་སོགས་ཀྱང་ཁྱེད་ཀྱི་མིག་སྔར་སྟོབ་ཆོག