བྷིན་ལ་ཌན་དམར་བསད་བཏང་ཚར།དམར་གཞུང་འདིའང་རྒྱུན་རིང་མི་གནས།

ཧྤུའུ་ཀེ་སའི་གློག་འཕྲིན་གསར་གནས་ཀྱིས།ཨ་རིའི་གཞུང་གིས་ན་ནིང་ཟླ་བརྒྱད་པ་ ནས་བཟུང་བྷིན་ལ་ཌན་གྱི་གནས་ཚུལ་སྐོར་ཤེས་རྟོགས་བྱུང་སྐོར་བརྗོད་ཡོད།ཨོ་པ་ མས་ཉིན་འགའི་སྔོན་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བྷིན་ལ་ཌན་པཱ་ཀི་སི་ཐན་གྱི་ གྲོང་ཁྱེར་ཆེན་པོ་དབྱི་ཟི་ལན་པོའི་མཐའ་ཁུལ་གྱི་ཁང་པ་ཞིག་ནང་གབ་ནས་བསྡད་པར་ ཤེས་རྟོག་བྱུང་ཞིང།ཉིན་དེར་དངོས་སུ་ཕར་ རྒོལ་དགོས་པའི་བཀའ་རྒྱ་དངོས་སུ་བཏང་བ་ཡིན་ཞེས་གསུངས་ཡོད་པ་རེད།


ཨོ་བྷ་མས་ཨ་རིའི་ས་ཐོག་ཆེད་དམིགས་དམག་དཔུང་གིས་མཐའ་ཁུལ་དེར་རྒོལ་འཛིང་བྱས་ ཏེ་བྷིན་ལ་ཌན་བསད་རྗེས་ཁོའི་ཤི་རོ་རག་ཡོད་པ་དང།བྷིན་ལ་ཌན་ལ་དམིགས་པའི་གནས་ ཚུལ་རག་ཐབས་ཐད་པཱ་ཀི་སི་ཐན་གཞུང་གིས་གཞོགས་འདེགས་བྱས་པའི་སྐོར་དང།ཉིན་དེར་ ཨོ་པ་མས་པཱ་ཀི་སི་ཐན་གྱི་སྲིད་འཛིན་དབར་ཁ་པར་བརྒྱུད་འབྲེལ་མཐུད་བྱུང་ཞིང། པཱ་ཀི་སི་ཐན་གྱི་སྲིད་འཛིན་ངོས་ནས་བྷིན ་ལ་ཌན་དམར་བསད་བཏང་ཐུབ་པ་བྱུང་བ་དེ་ནི་རྒྱལ་ཁབ་གཉིས་ཀར་མཚོན་ན་བྱ་བ་བཟང་པོ་ ཞིག་ཡིན་པར་ངོས་འཛིན་བྱས་ཡོད་ཚུལ་ཡང་གསུངས་ཡོད་པ་རེད།


སྲིད་འཛིན་ཨོ་བྷ་མས་ང་ཚོས་དུས་དང་རྣམ་པ་ཀུན་དུ་ཟླ་བ་དགུ་པའི་ཚེས་བཅུ་གཅིག་ ཀྱི་དོན་རྐྱེན་བརྗེད་ཐབས་མེད།བྷིན་ལ་ཌན་གྱི་འཇིགས་བསྐུལ་ཚོགས་པས་ཕྱི་མིའི་ ལམ་དུ་བཏང་བའི་ཉེས་མེད་ཀྱི་མི་གྲངས་སུམ་སྟོང་དེ་དག་བརྗེད་ཐབས་མེད།ཨ་རིའི་ རྒྱལ་ཁབ་ངོས་ནས་གསལ་བརྗོད་བྱེད་རྒྱུ་ཡོད་དེ་ཉིན་འདིར་བྷིན་ལ་ཌན་དམར་བསད་ བཏང་བ་ནི་དྲང་བདེན་དང་ཁྲིམས་ལུགས་ཀྱིས་སྟ ངས་འཛིན་དོན་འཁྱོལ་བྱས་པའི་བྱ་བ་ཞིག་ཡིན་སྐོར་གསུངས་ཡོད།


དེ་བཞིན་སྲིད་འཛིན་ཨོ་བྷ་མས་དེ་སྔོན་ཨ་རིའི་སྲིད་འཛིན་བྷུ་ཞི་མཆོག་གིས་གོང་ གསལ་དོན་རྐྱེན་བྱུང་རྗེས་གསུངས་བཤད་ནང།ཁ་ཆེའི་མི་དམངས་ནི་ཨ་རིའི་གཞུང་གི་ དགྲ་བོ་མིན།འོན་ཀྱང་བྷིན་ལ་ཌན་ནི་ཁ་ཆེ་དད་དམངས་ཡོངས་ཀྱི་དགྲ་བོ་རེད་ཅེས་ གསུངས་མྱོང་བ་ལྟར།་བྷིན་ལ་ཌན་མེད་པར་བཟོས་པ་འདིའང་འཛམ་གླིང་ཞི་བདེར་ཡོང་ བའི་ཆེད་དུ་ཡིན།ཞེས་གསུངས་ཡོད་པ་རེད།
སྤྱི་བཏང་ལྟ་ཞིབ་མཁན་ཚོས་སྔོན་དཔག་ལྟར་ན་བྷིན་ལ་ཌན་བསད་ནས་བཟུང་འཛམ་གླིང་ ཡོངས་སུ་གནས་པའི་འཇིགས་བསྐུལ་རིང་ལུགས་པར་འགོ་འཁྲིད་མཁན་མེད་པ་དང།འཐུས་གཙོ་ མཚོན་བྱེད་གང་ཟག་འདི་ཤི་རྗེས་འཛམ་གླིང་ཡོངས་ཀྱི་འཇིགས་སྐུལ་རིང་ལུགས་པའི་ ཕམ་ཁར་ཕྱོགས་པའི་གནས་སྟངས་གསལ་པོ་ཆགས་པ་རེད་ལ།དེའང་འཛམ་གླིང་ཡོངས་ཀྱི་བདེ་ འཇགས་ལ་ཕན་པའི་བྱ་བ་ཞིག་ལ་ངོས་འཛིན་བྱས་ཡོད།


བྷིན་ལ་ཌན་ཤི་རྗེས་ཁོ་འདྲ་བའི་འཇིགས་སྐུལ་རིང་ལུགས་ཀྱི་འགོ་གཙོ་གཞན་ཞིག་ འབྱུང་བ་ཡིན་ན་ཧ་ཅང་དཀའ་ཚེགས་ཅན་གྱི་གནས་ཚུལ་ཞིག་རེད།ཁོ་ལྟ་བུའི་ཕྱུག་བདག་ ཅིག་འཇིགས་སྐུལ་རིང་ལུགས་གཞན་ལ་དཔལ་འབྱོར་གྱི་རྒྱབ་རྩ་དང་མིང་གྲགས་ཀྱི་ ཤུགས་རྐྱེན་མེད་པར་བརྟེན།བྷིན་ལ་ཌན་ཤི་ནས་བཟུང་འཛམ་གླིང་ཡོངས་ཀྱི་འཇིགས་ བསྐུལ་རིང་ལུགས་མྱུར་དུ་ཉམས་དམས་འགྲོ་རྒྱུ ་རེད།གང་ཡིན་ཟེར་ན་གནས་སྟངས་དེས་མིའི་སེམས་ལ་རྡུང་རྡེག་བཏང་ཤུགས་ཧ་ཅང་ཆེ་ བས་སོ།


གནས་སྟངས་འདིས་འཛམ་གླིང་སྒྲོམ་གཞིའི་འགྱུར་ལྡོག་ཡོང་བར་ཤུགས་རྐྱེན་སྤྲད་ སྲིད།འཇིགས་སྐུལ་རིང་ལུགས་པའི་ཤུགས་རྐྱེན་དང་དབུས་ཤར་སོགས་ཡུལ་གྲུ་ཁག་གི་ཁ་ ཆེའི་རྒྱལ་ཁབ་ནང་དམངས་གཙོ་ལག་བསྟར་གཏོང་བར་འགག་སྒོ་ཆེན་པོ་ཞིག་རེད།འགོ་གཙོ་ བྷིན་ལ་ཌན་བསད་རྗེས་དེའི་ཤུགས་རྐྱེན་ཉམས་དམས་སོང་ནས་མཐར་རྩ་མེད་འགྲོ་རྒྱུ་ དང།དེའང་ཁ་ཆེའི་ཡུལ་གྲུ་ཡོངས་ལུགས་མ ཐུན་དང་ཞི་འཇམ་བཅས་ལ་སྐུལ་ལྕག་སྟེར་ནས་དམངས་གཙོར་ཁ་ཕྱོགས་པའི་ནུས་ཤུགས་ཤིག་ འགྱུར་རྒྱུ་རེད།
ད་ལྟའི་ཆར་བྱང་ཨ་ཧྥི་རི་ཁའི་རྒྱལ་ཁམས་དང་དབུས་ཤར་ཕྱོགས་སུ་དམངས་གཙོའི་ འགྱུར་ལྡོག་འགྲོ་བཞིན་པའི་དུས་རེད།བྷིན་ལ་ཌན་བསད་རྗེས་ས་ཁུལ་དེ་དག་གི་དམངས་ གཙོའི་ནུས་ཤུགས་ལ་བསྐུལ་འདེད་གཏོང་རྒྱུ་རེད་ལ།ཏི་ཧའེ་ལན་གཙོས་སྲིད་དབང་ སྒེར་གཅོད་པ་དང་དམར་པོའི་ཚོགས་པ་དེ་དག་ལ་རྡུང་རྡེག་དྲག་པོ་ཞིག་ཀྱང་བཏང་ཚར་། མ་འོངས་པར་དབྱི་ལང་ལའང་འགྱུར་ལྡོག་འགྲོ་ཡི ་རེད།འོན་ཀྱང་ཁ་ཆེའི་འཛམ་གླིང་དམངས་གཙོར་ཁ་ཕྱོགས་ཤིང།འཛམ་གླིང་ཡོངས་སུ་དམར་ པོའི་གཞུང་དང་བྱང་ཀོ་རི་ཡའི་རྒྱལ་ཁབ་ཀྱི་སྲིད་དབང་སྒེར་གཅོད་པའི་ནུས་ཤུགས་ ལས་ལྷག་མེད་པ་དེ་ཚོའི་ནུས་ཤུགས་རོགས་མེད་ཉམས་ཆགས་སུ་འགྲོ་བཞིན་མ་འོངས་ཀྱི་ ཁ་ཕྱོགས་ཀྱང་གསལ་པོ་མཐོང་ཐུབ།འཇིག་རྟེན་འདིའི་སྒྲོམ་གཞིའི་འགྱུར་ལྡོག་དེ་ ནི་ཆེས་ཆེ་བའི་ཤུགས་རྐྱེན་གཏིང་ཟབ་ཅིག་ཡིན།


བྷིན་ལ་ཌན་དང་འཇིགས་སྐུལ་རིང་ལུགས་པ་ཚོ་ནི་རྒྱ་ནག་གིས་ཨ་རིར་སྟངས་འཛིན་ བྱེད་པའི་ཡོ་བྱེད་ཅིག་རེད།ཨ་རིའི་གཞུང་ངོས་ནས་འཇིགས་སྐུལ་རིང་ལུགས་པར་རྡུང་ རྡེག་གཏོང་ཕྱིར་སྐབས་འགར་རྒྱ་ནག་གི་མཉམ་བཞུགས་ལ་རེ་བ་མི་རྒྱགས་ཁག་མེད་ཡིན་ ཞིང།པེ་ཅིང་སྲིད་གཞུང་ལའང་མགོ་བོ་སྒུར་དགོས་པའི་གནས་སྟངས་ཀྱང་ཡོད་པ་རེད། བྷིན་ལ་ཌན་ཤི་རྗེས་པེ་ཅིང་སྲིད་གཞུང་ལག ་ནང་གཞན་ལ་སྡིག་མོ་བསྐུར་བའི་ཡོ་བྱ་དེའང་ནུས་མེད་གྱུར་ཚར།ཨ་རི་སོགས་ནུབ་ ཕྱོགས་རང་དབང་ཅན་གྱི་འཛམ་གླིང་ནས་པེ་ཅིང་སྲིད་གཞུང་དང་འབྲེལ་མཐུད་བྱེད་ སྐབས་གནོན་ཤུགས་ཇེ་ཉུང་དང་ཕན་ནུས་ཇེ་ཆེར་སོང་ཡོད།དོན་དངོས་ཐོག་དམར་པོའི་ གཞུང་དང་བྷིན་ལ་ཌན་གཉིས་འཇིགས་བསྐུལ་རིང་ལུགས་པའི་ངོ་བོ་གཅིག་མཚུངས་རེད། རྒྱ་ནག་དམར་པོའི་གཞུང་ནི་རྒྱལ་ཁབ་རང་བཞིན་གྱི་འཇི གས་བསྐུལ་རིང་ལུགས་པ་ཡིན་ཞིང།རྒྱལ་ཁབ་ཀྱི་ནུས་ཤུགས་བེད་སྤྱོད་དེ་རྒྱལ་ཁབ་ ཀྱི་དམག་དཔུང་དང་ཉེས་རྟོགས་དཔུང་ཁག་ཚུད་པའི་ནུས་ཤུགས་དེ་དག་བེད་སྤྱོད་ཀྱིས་ རྒྱལ་ཁབ་རང་བཞིན་གྱི་དྲག་ཤུགས་དང་འཇིགས་བསྐུལ་རིང་ལུགས་ལག་བསྟར་བྱེད་ཀྱི་ ཡོད།བྷིན་ལ་ཌན་ཤི་རྗེས་འཛམ་གླིང་ཡོངས་ཀྱི་འཇིགས་བསྐུལ་རིང་ལུགས་པ་ཉམས་དམས་ སུ་ཁ་ཕྱོགས་པ་དེས་ཨ་རིའི་རྒྱལ་ཁབ་ལ་གནོན་ ཤུགས་ཉུང་དུ་སོང་བ་དང།དེའི་རྗེས་སུ་ཨ་རིའི་རྒྱལ་ཁབ་ངོས་ནས་ཤར་གླིང་དུ་ ཕྱོགས་ཆོགས་པ་དང།དེའང་འཛམ་གླིང་ཡོངས་སུ་ལྟ་ལོག་གྱི་རྒྱ་ནག་དམར་པོའི་གཞུང་ལ་ ཁ་གཏད་རྒྱུ་དེ་ཡིན།


ཉི་དུས་ནས་བཟུང་ཨ་རིའི་ངོས་ནས་དམག་གི་ནུས་ཤུགས་གཙོ་བོ་དེ་ཡོ་རོབ་གླིང་ ནས་ཤར་གླིང་ལ་ཁ་ཕྱོགས་ཡོད་པ་རེད།འོན་ཀྱང་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་ གཅོག་དགོས་པའི་དབང་གིས་དེ་སྔོན་གྱི་ཁ་ཕྱོགས་བྱ་འགུལ་དེ་དལ་དུ་སོང་བ་དང།ད་ཆ་ བྷིན་ལ་ཌན་ཤི་ནས་བཟུང་འཛམ་གླིང་ཡོངས་ཀྱི་འཇིགས་སྐུལ་རིང་ལུགས་པའི་ཁེངས་ སེམས་ཉམས་ཏེ་རེ་རེ་བཞིན་གཏོར་བཅོམ་ཐེབས་རྒྱུ་རེད།གནས་སྟངས་འདི་འདྲར་བརྟེན། ཨ་རིའི་རྒྱལ་ཁབ་ནས་ཤར་གླིང་དུ་དམག་གི་ནུས་ལྡན་གྱི་སྟོབས་ཤུགས་སྔར་ལས་མང་བར་ བཀོད་བསྒྲིག་བྱེད་དེ་རྒྱ་ནག་གི་དམག་ཤུགས་ལ་སྔོན་འགོག་དང་སྟངས་འཛིན་བྱ་རྒྱུ་ རེད་ལ།ཉུང་མཐའ་ཡང་དམར་པོའི་གཞུང་གི་ངར་ཤུགས་ལ་རྡུང་རྡེག་ཆེན་པོ་གཏོང་གི་ རེད། གནས་ཚུལ་འདི་དག་གིས་སྲིད་དབང་དྲག་འཛིན་པའི་རྒྱ་ནག་

གཞུང་འོག་གནས་པའི་རྒྱ་ནག་ མི་མང་གི་སེམས་ལ་བསྐུལ་འདེད་ཤུགས་ཆེར་སྤྲོད་ཀྱི་རེད།འཛམ་གླིང་ཡོངས་ཀྱི་ སྲིད་དབང་དྲག་འཛིན་པའི་ཉིན་མཐའ་མ་དེ་སླེབས་ལ་ཉེ།དེའང་དམར་པོ་ཚོགས་པ་འདི་ ལྟར་འཇིགས་སྣང་ཆེ་ཞིང་སྨྱོ་བ་ལྟར་མི་མང་འཛིན་བཟུང་དང།ཡ་ང་བའི་དྲག་གནོན་ བྱེད་དགོས་པའི་རྒྱུ་མཚན་ཡང་རེད།ད་ཆ་ཁོ་ཚོ་སྐ ྲག་ནས་ཤི་གྲབས་ཡོད།ཁོ་ཚོའི་ཚོར་སྣང་དེ་དག་གིས་འཛམ་གླིང་མི་མང་ལ་ཁོ་ཚོའི་ འཇིག་རྟེན་འདིར་འཚོ་བའི་ཉིན་མཐའ་མར་སླེབས་ཟིན་པར་བརྡ་ལན་སྤྲད་ཡོད་པ་རེད།


ཐུའུ་ཉི་སིའི་གསར་བརྗེ་དང་ལོ་ངོ་ཉི་ཤུ་རྩ་གསུམ་གྱི་སྲིད་དབང་དྲག་གཅོད་པའི་ དབང་ཤུགས་མཇུག་བསྒྲིལ་ནས་ཀི་རི་ཟིའི་གསར་བརྗེའི་བར།ལོ་ངོ་སུམ་བཅུའི་སྲིད་ དབང་དྲག་འཛིན་པའི་དབང་ཤུགས་མཇུག་བསྒྲིལ་བ་རེད།ཉིན་འདིར་ལི་པེ་ཡའི་མི་དམངས་ ཀྱིས་དྲག་ཤུགས་ཀྱིས་ངོ་རྒོལ་འོག་ལོ་བཞི་བཅུའི་ཁཱ་ཏྲ་ཧྥིའི་སྲིད་དབང་མཇུག་ བསྒྲིལ་གྱི་རེད་ལ།ཉེ་དུས་ཞུའུ་ལི་ཡའི་མི་མང་གིས་སྲོག་ལ་མ་འཛེམས་པར་དྲག་ གཞུང་ལ་ཁ་གཏད་གཅོག་ཡོད།༼དེའི་ནང་མི་མང་བརྒྱ་ལྷག་བསད་ཡོད།༽བྱང་ཨ་ཧྥི་རི་ཀ་ དང་དབུས་ཤར་གསར་བརྗེའི་རྦ་རླབས་འཕྱུར་སྟངས་དེས་རྒྱ་ནག་མི་དམངས་རྣམས་ལ་ བསྐུལ་མ་ཤུགས་ཆེར་སྟེར་བ་དང།རྒྱ་ནག་མི་མང་ལ་སློབ་གསོ་ཆེས་ཆེར་ཐེབས་ཀྱི་རེད།


དུས་འདིར་བྱང་ཨ་ཧྥི་རི་ཀ་དང་དབུས་ཤར་གྱི་འགྱུར་ལྡོག་དེའང་རྒྱ་ནག་མི་རྣམས་ལ་ ཁོ་ཚོའི་མི་མང་གིས་འཇོན་པ་དེ་ཚོ་རྒྱ་ནག་མི་མང་གིས་ཅིའི་ཕྱིར་མ་འཇོན་པ་རེད་ དམ་ཞེས་དྲི་བ་ཞིག་སླེབས་ཀྱི་རེད་ལ།རྒྱ་ནག་མི་མང་ཡང་མི་ཡིན་པའི་ཆ་ནས་ཀྱང་ནང་ སེམས་ནས་རང་དབང་གི་འབོད་སྒྲ་གཅིག་མཚུངས་ཡིན་ངེས།
དེ་མིན་རྒྱ་ནག་མི་མང་ངོས་ནས་ནུས་ཤུགས་ཕྱོགས་གཅིག་ཏུ་སྤུངས་ཏེ་དམར་པོའི་ སྲིད་དབང་མགོ་སྟིང་བསློག་ཐུབ་ན་རྒྱ་ནག་ལ་དམངས་གཙོ་ཡོང་ཐུབ་ཅིང།རྒྱ་ནག་མི་ མང་ཚོའང་ལ་རྒྱ་ལྡན་པའི་སྒོ་ནས་འཚོ་བ་བསྐྱེལ་ཆོགས་ཀྱི་རེད།


བྱང་ཨ་ཧྤི་རི་ཀའི་གསར་བརྗེའི་གནས་ཚུལ་དེས་རྒྱ་ནག་མི་མང་ནས་རང་དབང་ལ་སྔར་བས་ འདོད་མོས་དང་འབོད་སྒྲ་ཤུགས་ཆེ་རུ་འགྲོ་བཞིན་པའི་ཐོག་ཉིན་འདིར་བྷིན་ལ་ཌན་ བསད་ཚར་ཞིང།བྱང་ཡའོ་ཏན་གྱི་དམག་ཤུགས་ཀྱིས་འབར་རྫས་གས་གཏོར་གྱི་རྒོལ་རྡུང་ འོག་གུང་ལིའི་པི་ཡ་རྒྱལ་ཁབ་ཀྱི་སྲིད་དབང་སྒེར་གཅོད་པའི་ལོ་ཉི་ཤུར་སོན་པའི་ བུ་ཆུང་བ་ཕྱི་མའི་ལམ་དུ་བཏང་བ་དང།༼སྐབས ་དེར་ཁཱ་ཀྲ་ཧྥས་ཕྱིར་དོན་ཚར་ཙམ་རེད་མ་གཏོགས་ཁོ་དང་བྷིན་ལ་ཌན་གཉིས་སྔ་རྗེས་ ལྟར་གཞན་གྱིས་བསད་ཀྱི་རེད།༽གནས་སྟངས་དེ་དག་ཡོངས་ཀྱིས་རྒྱ་ནག་དམར་གཞུང་དཔོན་ རིགས་ཚོར་འཇིགས་སྣང་བསྐུལ་ཞིང།ཁོ་ཚོ་ནི་མདའ་མོར་ཁ་ཕྱོགས་ཤིང་ཤི་ལ་ཉེ་བའི་ བྱིའུ་ཆུང་དང་གཅིག་མཚུངས་རེད།


ཧུའུ་ཅིང་ཐོ་སོགས་ཀྱི་མི་ཚོའི་སེམས་ནང་འཇིགས་སྐྲག་ག་ཚོད་ཡོད་མེད་ང་ཚོས་ཤེས་ ཐུབ་པའི་གནས་སྟངས་ཤིག་རེད།ངན་པ་ལག་འབྲེལ་གྱི་དཔེ་ལྟར་དབང་ཆ་སྒེར་འཛིན་པ་དང། དྲག་ཤུགས་པ་ཡོངས་རྫོགས་ཀྱི་མྱོང་ཚོར་ནི་གཅིག་མཚུངས་རེད།ཁོ་ཚོ་ཚང་མར་སྲིད་ དབང་སྒེར་གཅོད་དང་དྲག་ཤུགས་པའི་ན་ཚ་ཞིག་ཕོགས་པའི་དུས་མཚུངས་སུ།འཇིགས་སྐྲག་ ཆེ་བའི་ན་ཚ་ཞིག་ཀྱང་ཕོགས་ཡོད་པ་རེད། མཐར་ཁོ་ཚོ་གཅིག་མཚུངས་ཀྱི་ན་ཚ་དེས་མནར་ཏེ་དུས་གཅིག་ནང་ཤི་རྒྱུ་ལས་མེད།

༢༠༡༡ཟླ་༥ཚེས་༡ཉིན་གྱི་མཚན་མོར།