བཅའ་ཁྲིམས་བསྐྱར་བཅོས་ལ་དཔྱད་ཞིབ་མི་མང་གི་གཞུང་།

འོན་ཀྱང་བློ་ཡུལ་ལས་འདས་པ་ཞིག་ལ་ཆོས་དང་རིག་གནས་གཉེན་ཉེ་ཡི་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་གིས་བོད་གསོན་པོ་ཟ་རྒྱུས་ཇུས་ངན་བཤམ་སྟེ་ཐབས་ལམ་སྣ་ཚོགས་ཞིག་སྤེལ་ཏེ། མཐའ་མ་ཕྱི་ལོ་༡༩༥༡ ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་ཞིག་བཙན་གྱིས་བཞག་བཅུག་སྟེ་རིམ་པས་བོད་དུ་འཛུལ་རྒྱུའི་འགོ་ཚུག་པ་ཞིག་རེད་འདུག །

དེ་ཡང་བོད་པ་ཚོར་དེ་ལྟ་བུའི་རྒྱལ་ཁབ་དང་མི་མང་ལ་བརྩེ་སེམས་མེད་པས་རང་གིས་ཁེ་ཕན་ལ་མགོ་འཁོར་ཏེ་ཕྱི་ལོ་༡༩༥༩ ནང་རྒྱ་དཀར་དུ་བྲོས་བྱོལ་དུ་ཡོང་དགོས་ཀྱི་གནས་སུ་གྱུར་ཡོད་པ་རེད། ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་པ་བསྐྱངས་ཏེ་བཙན་བྱོལ་དུ་བོད་གཞུང་དང་མ་ལག་བཅས་པ་གསར་འཛུགས་གནང་ཐུབ་པ་ནི་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་སོང་།  ང་ཚོ་གཞུང་དང་མ་ལག་བཅས་པ་བཙན་བྱོལ་དུ་གྱར་ནས་མི་ལོ་ལྔ་བཅུ་ལྷག་གིས་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བླ་མེད་ཀྱི་དགོངས་བཞེས་དེ་མ་འོངས་བོད་རྒྱལ་ཁབ་འདི་མི་མང་གི་གཞུང་ཞིག་ཡོང་ཐབ་ལ་འབད་པ་ལྷོད་མེད་དུ་གནང་བའི་གྲུབ་འབྲས་ད་ཆ་ང་ཚོར་གསོལ་རས་གནང་བའི་རང་དབང་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུས་གོ་སྐབས་འདི་བྱུང་བ་རེད།

གོ་སྐབས་འདི་ང་ཚོས་སྣང་དུ་གཞག་ག་རུང་༧མགོན་པོ་གང་ཉིད་ཀྱི་དགོངས་བཞེས་ལྟར་མགོ་བདེ་དང་། ཡང་ན་ཁེངས་དྲེགས། བཞན་ཡང་ཕྱོགས་གཏོགས་དཔུང་སྒྲིག་སོགས་རྩ་བ་ནས་གནང་མི་རུང་པ་ཞིག་རེད། ཞུ་དོན་སྙིང་པོར་ད་ཆ་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་དང་གཅིག བཞིས་ལུས་བོད་མི་ཛ་དྲགས་ཀྱི་གནས་སུ་གྱར་ཡོད་པ་གཉིས། ང་ཚོའི་ཁ་གཏད་ཀྱི་སྟོབས་ཤུག་དང་མགོ་བདེ་དྲན་འཕྲུལ་གྱི་དངུལ་དངོས་ཕངས་མེད་གཏོང་བའི་གནས་ཚུལ་དང་གསུམ། བཙན་བྱོལ་བོད་མི་ནང་ཁུལ་མཐུན་ལམ་གྱི་འགལ་ཟླའི་བྱུང་རིམ་སོགས་ལ་ཞིབ་དཔྱོད་གནང་སྟེ་དགོངས་ཚུལ་གསུང་ཐུབ་ན་ལེགས་པའི་ཕྱོགས་སུ་འགྲོ་ཐུབ། གལ་ཏེ་ང་ཚོས་༧གོང་ས་མཆོག་ཁ་ཞེ་གཉིས་མེད་ཀྱི་དད་པ་དང་མདུན་པ་ཡོད་ན་མི་གཅིག་དབང་འཛིན་གྱི་ལམ་ལུགས་མེད་པ་ཆགས་ནས་མི་མང་གི་གཞུང་ཞིག་དུ་གྱུར་ཟིན་པ་ཞིག་ཡིན་པ་ཡང་ང་ཚོས་མཁྱེན་དགོས་ཀྱི་རེད། གོང་དུ་དྲ་གྲོགས་མང་པོ་ཞིག་ནས་བོད་ཀྱི་རྒྱལ་རྟགས་འདི་བཞིན་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་འདི་ཡི་སྐོར་ལ་བསྐྱར་དུ་རྒྱུ་མཚན་དང་ལྡན་པའི་དགོངས་ཚུལ་དང་རིང་མིན་ཚོགས་ལ་ཉེ་བའི་བོད་རྒྱལ་ཡོངས་ཚོགས་ཆེན་ཟེར་བ་འདི་བཞིན་རྒྱལ་ཡོངས་ཚོགས་ཆེན་གྱི་ངོ་བོ་མཚོན་གྱི་ཡོད་མེད་སྐོར་ལ་དགོངས་ཚུལ་ཡོད་ན་གསུང་རོགས་ཞུ་བཞིན་ཡོད།།

བོད་དོན་བག་ཡོད།