བཀའ་ཁྲི་གསར་པ་བློ་བཟང་སེང་གེ་མཆོག་ལ་ཕུལ་བ།

 

 

འཐེན་ཁྱེར་བུ་ཡུག་འཚུབ་མའི་ཁྲོད་ནས་ཆིག་སྒྲིལ་ལག་རྡང་སྦྲེལ་ན་འདོད།།
རྙིང་ཞེན་ན་བུན་ཀློང་དུ་མ་འཐོམས་གསར་གཏོད་ལམ་བུ་འཚོལ་ན་འདོད།།
ཡོད་ཚད་རེ་བ་གཞན་ལ་མ་བཅོལ་རང་མགོ་རང་ཐོན་བྱེད་ན་འདོད།།
ཨེ་མ་གཞིས་བྱེས་བོད་མའི་སེམས་རྩ་རྟ་གདོང་མེ་ཡི་འོབས་ལས་དྲོ།།

མཁས་དབང་བློ་བཟང་སེང་གེ་མཆོག་བཀའ་ཁྲིར་གསར་དུ་ཕེབས་པར་དགའ་བསུ་དང་། འཚམས་འདྲི་རུ་ཟླ་ ༤ ཚེས་ ༢༧ ཕུལ།