ཟམ་གདོང་གིས་ཏཱ་ལའི་བླ་མའི་མཐིལ་བརྟོལ་བ།

ཡིད་འཇོག་བྱེད་འོས་པ་ཞིག་ལ། བཀྲ་ཤིས་པའི་མཛད་སྒོ་འདིའི་སྟེང་དུ་ཏཱ་ལའི་བླ་མའི་གཏམ་བཤད་དེ་གླེང་གཞི་ལས་འགལ་བ་རེད། ཁོས་མཛད་སྒོ་དེའི་སྟེང་སྐབས་བཅུ་བཞི་བའི་བོད་ལྗོངས་མི་དམངས་གྲོས་ཚོགས་སྟེང་དོན་རེ་འགའི་ཐད་ལྟ་བ་མི་མཐུན་པ་བྱུང་བའི་སྐོར་དང་། གནས་ཚུལ་འདི་རིགས་བསྐྱར་དུ་འབྱུང་བར་གཟབ་གཟབ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན་པའི་སྐོར་བརྗོད་བྱུང་། སྐུ་ཞབས་ཏཱ་ལའི་ལགས་དེའི་སྐོར་ལ་མ་མགུ་བ་ནི་ཁོའི་སྐད་ཆ་བཤད་སྟངས་ཤིན་ཏུ་རྩུབ་པོ་ཡིན་པའི་སྟེང་ནས་གསལ་བོ་མཐོང་ཐུབ། འགལ་བ་དེའི་ཐད་ཏཱ་ལའི་བླ་མ་ཁོང་ཁྲོ་མི་ལངས་རང་ལངས་རེད། ༢༠༠༩ལོའི་ཟླ་༩བའི་གྲོས་ཚོགས་ཀྱི་ཚོགས་འདུའི་སྟེང་བྱུང་བའི་འགལ་བ་དེའི་སྐོར་ས་ཁུལ་ཁག་རེ་རེའི་བོད་མི་རྣམས་ཀྱིས་གྲོས་ཁང་གི་དྲུང་ཡིག་ཁང་ལ་ཡི་གེ་བསྐུར་བའམ་ཡང་ན་གྲོས་ཁང་གི་གྲོས་མི་ལ་བློ་མི་ཁེངས་པའི་རྣམ་པ་དྲག་པོ་བསྟན་པ་དེས་ཏཱ་ལའི་བླ་མའི་མིང་ལ་གནོད་པ་ཐེངས་གཅིག་ཐེབས་ཡོད་ལ། ཐེངས་འདིར་ཡང་བསྐྱར་དོན་དེ་འདྲ་བྱུང་བས་ཁོང་ཁྲོ་མི་ལངས་རང་ལངས་རེད།  སྐུ་ཞབས་ཟམ་གདོང་གིས་ཉེ་ལམ་གྲོས་ཁང་གི་རྩ་ཁྲིམས་བསྐྱར་བཅོས་ལས་དོན་སྐོར་འགྲེལ་བཤད་བྱེད་སྐབས་ངོ་ལྤགས་ཏཱ་ལའི་ལས་མཐུག་པ་རེད། ཁོས་དེའི་སྐོར་ལ་སྐྱོན་བརྗོད་ནི་གཡོལ་ཐབས་བྲལ་བ་ཞིག་ཡིན་ལ། དེའི་རྒྱུ་མཚན་ནི་དེ་ནི་འཇིག་རྟེན་འདིའི་ཆོས་ཉིད་དམ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པའི་སྐོར་བརྗོད་ནས་ཁ་གཡར་ས་དེ་རྒྱུན་ལྡན་གྱི་སྣང་ཚུལ་སྟེང་བཞག་པ་རེད། རང་ལ་སྐྱོན་ཡོད་པ་ཡང་རང་དང་འབྲེལ་བ་མེད་པར་བརྗོད་ཅིང་ངོ་ཚ་ཅི་ཡང་ཚོར་གྱི་མེད་པ་དང་ངོ་ལྤགས་མཐུག་པ་དེ་མི་གཞན་དང་བསྡུར་ཐབས་མེད་པ་ཞིག་རེད། དུས་རབས་ཕྱེད་ཀ་ཙམ་ལ་རང་གི་ལག་ཏུ་བཟུང་བའི་སྲིད་དབང་དེ་མིང་ཙམ་ཁོ་ནའི་སྟེང་ནས་ཀྱང་མགྱོགས་པོར་གཞན་གྱི་ལག་ཏུ་འཇོག་དགོས་ན། སྐུ་ཞབས་ཏཱ་ལའི་སེམས་ཁྲལ་བྱེད་པ་ཡང་རྟོགས་སླ་བ་ཞིག་རེད། སྐུ་ཞབས་ཟམ་གདོང་གིས་བཤད་པ་ལྟར། ཏཱ་ལའི་ཡིས་རྩ་ཁྲིམས་བསྐྱར་བཅོས་ཐད་མི་སྒེར་གྱི་དབང་ཆའི་གནད་དོན་ཕུད་པའི་ཚན་པ་གཞན་ལ་རྒྱུན་ཆད་མེད་པར་བསམ་འཆར་བཏོན་པ་རེད། ཟམ་གདོང་གིས་ད་དུང་ཞར་དུ་ཏཱ་ལའི་བླ་མས་༡༩༦༩ལོ་ནས་བཟུང་སྲིད་དབང་དམངས་གཙོས་འདེམས་བསྐོ་བྱས་ནས་བྱུང་བའི་མགོ་ཁྲིད་ཀྱི་ལག་ཏུ་འཇོག་པའི་བསམ་འཆར་བཏོན་ཡོད་པའི་སྐོར་འུད་སྒྲོག་བྱེད་རྒྱུ་མི་བརྗེད་པ་རེད། སྐུ་ཞབས་ཏཱ་ལའི་ཡིས་བསམ་འཆར་བཏོན་པ་ནས་ལག་ལེན་དུ་བསྟར་བའི་བར་ལོ་བཞི་བཅུ་ཕྱིན་པར་བལྟས་ན། དེའི་ཐད་འབད་པ་འདང་ངེས་པ་ཞིག་བྱས་མེད་པ་ཤེས་ལ། ཟམ་གདོང་གིས་དེའི་ཐད་དག་འབུད་མི་བྱེད་ཀ་མེད་བྱུང་བ་རེད། ཟམ་གདོང་གི་བརྗོད་དོན་ནི་ཏཱ་ལའི་ཡིས་འབད་པ་མ་བྱས་པ་མ་ཡིན་པར། མི་དེ་རྣམས་དང་ང་ཚོའི་རྟོགས་པ་མ་མཐོ་བས་ཡིན་པ་དེ་རེད། སྐུ་ཞབས་ཟམ་གདོང་གིས་སྐུ་ངལ་ཆེན་པོ་མྱངས་ཀྱང་མཇུག་མཐར་གང་ལྟར་ཏཱ་ལའི་ཡི་མཐིལ་བརྟོལ་བ་རེད། ང་ཚོས་གཞན་མི་བཤད་པར་གསར་འགྱུར་ཁག་ཏུ་ཅི་ཞིག་བརྗོད་བཞིན་པར་ཅིག་ལྟ། ཟླ་༦ཚེས་༡ཉིན་ཤང་ཀང་གི་ཨེ་ཤ་ཡའི་ཚགས་པར་སྟེང་། ནང་བསྟན་གྱི་ལོ་རྒྱུས་སྟེང་སེམས་གསོ་འཚོལ་ཞིང་འགོར་འགྱངས་བྱེད་པའི་ཐབས་ལ་བརྟེན་ནས་ལས་དབང་ལ་འགྱུར་བ་ཡོང་བར་རེ་སྒུག་བྱེད་པ་ནི་ཏཱ་ལའི་བླ་མ་དང་ཁོའི་ཆོས་ལུགས་ཚོགས་པའི་དུས་རབས་ཕྱེད་ཀའི་རིང་གི་བསམ་ཕྱོགས་གཙོ་བོ་རེད་ཅེས་དང་། བློ་བཟང་སེང་གེ་ནི་ཡང་བསྐྱར་སྐྱོ་གར་གྱི་མི་སྣ་ཞིག་ཏུ་འགྱུར་སྲིད་དམ་ཞེས་བཀོད་ཡོད་པ་རེད། ཏཱ་ལའི་རྣམས་ཀྱིས་དེ་མཐོང་རྗེས་བྱེད་ཐབས་གསར་བ་སྤྱད་ནས་རྒྱལ་སྤྱིའི་གླེང་ཕྱོགས་ལ་མགོ་སྐོར་གཏོང་བའམ་ཡང་ན་གསར་འགྱུར་བསྒྲགས་མཁན་ཚོའི་ཁ་གཅོད་སྲིད་དམ།

རྩོམ་ཡིག་གི་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ། ཞའོ་ཝུའུ། སྤེལ་དུས། 2011-06-05