རྒྱ་ནག་བར་བརྒལ་སྲིད་གཞུང་གིས་བཀའ་ཁྲི་བློ་བཟང་སེང་གེ་ལ་སྤྲེངས་པའི་འཚམས་འདྲི།
ངེད་རྒྱ་ནག་བར་བརྒལ་སྲིད་གཞུང་ངོས་ནས་བདག་དབང་མི་དམངས་ལ་དབང་བའི་སྙིང་དོན་ལ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ང་ཚོས་མ་འོངས་རྒྱ་ནག་གསར་མའི་རྒྱལ་ཁབ་ཀྱི་ལམ་ལུགས་མནའ་འབྲེལ་ལམ་ལུགས་ལག་བསྟར་དགོས་པར་ངོས་འཛིན་བྱས་པ་དང། དེར་བརྟེན་ནས་ཡུན་རིང་ཞི་བདེ་དང་ལྷིང་འཇགས་གནས་ཐབས་ཀྱི་སྒོ་ནས་མི་རིགས་དང་ས་ཁུལ་དབར་། དེ་བཞིན་རྒྱ་ནག་དབུས་གཞུང་དང་ས་ཁུལ་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད།
རྒྱ་ནག་བར་བརྒལ་སྲིད་གཞུང་ངོས་ནས་བོད་མི་རྣམས་ཀྱིས་རྒྱ་ནག་དམར་པོའི་སྲིད་དབང་གི་གཉའ་གནོན་ལ་ངོ་རྒོལ་བྱས་པར་ངོས་འཛིན་དང། ང་ཚོས་ཐོག་མཐའ་བར་གསུམ་དུ་བོད་མི་མང་གིས་རྒྱ་ནག་དམར་པོའི་གཞུང་གི་དྲག་པོའི་བྱ་སྤྱོད་ལ་རླབས་ཆེ་བའི་ངོ་རྒོལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། དེ་སྔོན་དམིགས་སུ་བཀལ་ནས་རྩོམ་ཡིག་གི་ཐོག་ནས་བོད་བཙན་བྱོལ་སྲིད་གཞུང་ནས་རྒྱ་ནག་མི་མང་དང་མཉམ་འབྲེལ་གྱི་ལམ་ནས་རྒྱ་ནག་དམར་པོ་གཞུང་རྩ་གཏོར་གྱི་ལམ་དུ་གཏོང་དགོས་པའི་བསམ་འཆར་བཏོན་ཡོད་པ་དང། དེའི་ནང་རྒྱ་ནག་དམར་གཞུང་ཀྱིས་བོད་བཙན་བྱོལ་གཞུང་ལ་མ་ཉེས་ཁ་གཡོག་བྱས་པ་དང་། རྒྱ་ནག་མི་མང་ཡོངས་ཀྱིས་༼ང་ཚོར་༽རྒྱབ་སྐྱོར་རག་ཐབས་ཀྱི་སྒོ་ནས་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་དམར་པོའི་གཞུང་བརྩིས་མེད་གཏོང་དགོས་སྐོར་གསལ་ཡོད།
ང་ཚོས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་བོད་བཙན་བྱོལ་གཞུང་འདིར་དཔེར་ན་རྒྱ་ནག་བོད་བཙན་བྱོལ་བར་བརྒལ་སྲིད་གཞུང། ཞེས་མིང་བསྒྱུར་ཡོང་བའི་རེ་བ་ཞུ། དེ་ལྟར་རང་ངོས་ཀྱི་ལངས་ཕྱོགས་གསལ་བཏོན་གྱི་སྒོ་ནས་རྒྱ་ནག་གི་ཆབ་སྲིད་དམངས་གཙོའི་ལམ་དུ་བསྒྱུར་བའི་ཐོག་ནས་བོད་ལ་དོན་དམ་གྱི་རང་སྲིད་ཡོང་ཐབས་མངོན་འགྱུར་བྱ་དགོས། གང་ཡིན་ཟེར་ན་དེ་ལྟར་འབྱུང་ན་ཁྱོད་ཚོའི་ངོས་ནས་རྒྱ་ནག་ལོག་སྤྱོད་ཚོགས་པར་ངོ་རྒོལ་བྱས་པ་བྱ་སྤྱོད་ཡོངས་རྫོགས་རྒྱ་ནག་གི་དམངས་གཙོའི་ལས་འགུལ་ལ་བསྐུལ་འདེད་གཏོང་ཆེད་དྲག་པོའི་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པར་ངོས་འཛིན་བྱ་རྒྱུ་ལས་གྲངས་ཉུང་མི་རིགས་ཀྱིས་དབུས་གཞུང་ལ་ངོ་རྒོལ་བྱས་པར་ངོས་འཛིན་བྱ་རྒྱུ་མ་རེད། དུས་དེ་ནས་བཟུང་རྒྱ་ནག་དམར་གཞུང་ངོས་ནས་ཁྱོད་ཚོར་མ་ཉེས་ཁག་གཡོག་ཚང་མ་རང་བཞིན་གྱིས་རྩ་བརླགས་འགྲོ་རྒྱུ་དང། རྒྱ་ནག་དམར་གཞུང་ངོས་ནས་ཀྱང་ཁྱོད་ཚོའི་ངོ་རྒོལ་གྱི་ལས་འགུལ་དང་བོད་དོན་བེད་སྤྱོད་དེ་འགལ་ཟླའི་ཁ་ལོ་བསྒྱུར་ཐབས་དང། ཉེན་ཁ་གཞན་ལ་ཁག་དཀྲི་ས་དེ་དག་མེད་པར་གྱུར་བ་རེད་ལ།དེ་འདྲར་བརྟེན་ནས་ཁོ་ཚོའི་གདུག་རྩུབ་ཀྱི་སྲིད་དབང་རྒྱུན་རིང་གནས་ཐབས་ཀྱང་མེད།
དེང་ཛ་དྲག་གི་གནས་སྟངས་དེ་ནི་རྒྱ་ནག་དམར་པོའི་གཞུང་གིས་རྒྱ་ནག་མི་རིགས་ཁག་གི་མི་མང་རྣམས་ལ་ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ནས་གཉའ་གནོན་བྱེད་པར་ངེས་པར་དུ་སྲ་བརྟེན་རྒྱུན་འཁྱོང་གི་སྒོ་ནས་ངོ་རྒོལ་བྱེད་དགོས་པ་དང། ཧུར་བརྩོན་ཆེན་པོས་རྒྱ་ནག་དམར་གཞུང་རྩ་གཏོར་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་མཉམ་བཞུགས་བྱེད་དགོས། དེ་ནི་མིག་སྔར་མི་རིགས་ཀྱི་གནད་དོན་སྣ་ཚོགས་དང་སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཞིག་རེད་ལ། དེའང་རྒྱ་ནག་མི་དམངས་རྣམས་ཀྱི་གཅིག་མཐུན་གྱི་བྱ་བཞག་ཅིག་རེད། བོད་མི་དམངས་ཀྱི་ངོས་ནས་བྱ་བཞག་དེའི་ཕྱི་ཕྱོགས་སུ་གནས་ཐབས་མེད་པར་ལོ་རྒྱུས་ཀྱིས་གཏན་འཁེལ་བྱས་ཡོད་པ་རེད།
རྒྱ་ནག་བར་བརྒལ་སྲིད་གཞུང་ནས།
༢༠༡༡ ཟླ་༤ ཚེས་༢༩ ཉིན།
