ཨ་རིར་གནས་ཚུལ་སྐྱེལ་མཁན་འཛིན་བཟུང་།
འཛིན་བཟུང་བྱས་པའི་ས་ཁུལ་ནི་པཱ་ཀི་སི་ཐན་གྱི་ཨེ་བྰོཊ་ཊ་བྰད་ཅེས་པ་དེ་ཡིན་པ་དང། དེ་སྔ་ཨོ་སྰ་མ་བྷིན་ལ་དྷན་སྡོད་བཞིན་པའི་ཁང་པ་དེའི་ཉེ་འཁོར་གྱི་ཁྱིམ་མཚེས་རྣམས་ཡིན་འདུག། ཕྱི་ཟླ་ ༦ ཚེས་ ༡༠ ཉིན་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ལི་ཨོན་པྰ་ནེཊ་ཊ་དང། པྰ་ཀི་སི་ཐན་གྱི་དམག་སྤྱི་ཨཤ་ཕཀ་ཀ་ཡ་ཎི། པྰ་ཀི་སི་ཐན་གསང་བའི་ལས་ཁུངས་ཀྱི་འགན་འཛིན་དམག་སྤྱི་གཞོན་པ་ཨེ་ཧ་མྰད་ཤུ་ཇ་པ་ཤྰ་བཅས་ཀྱི་ལྷན་འཛོམས་ཀྱི་སྐབས་སུ་འཛིན་བཟུང་གི་གནས་ཚུལ་དེའི་སྐོར་གླེང་ཡོད་པ་རེད།
ད་ལྟ་འཛིན་བཟུང་བྱས་པ་དེས་ཨ་རི་དང་པྰ་ཀི་སི་ཐན་གཉིས་ཀྱི་འབྲེལ་ལམ་དེ་ཇེ་སྡུག་ཏུ་ཕྱིན་ཡོད་པ་མཚོན་གྱི་ཡོད་པ་དང་། ཨོ་སྰ་མ་བྷིན་ལ་དྷན་རྐྱེན་ལམ་དུ་བཏང་ཚར་བའི་རྗེས་ཨ་རིའི་སྲིད་གཞུང་གིས་པྰ་ཀི་སི་ཐན་གཞུང་ལ་དེར་ཡོད་པའི་ཨལ་ཁྰེ་དྷ་དང་འཇིག་སྐུལ་པ་གཞན་རྣམས་ལ་རྩ་མེད་བཟོ་ཡི་མི་འདུག་ཅེས་བརྗོད་ཀྱི་ཡོད་པ་རེད། ཡིན་ནའང་པྰ་ཀི་སི་ཐན་ནི་དེ་ལས་ལྡོག་སྟེ་རང་གི་ས་ཁུལ་ནང་དུ་ཨ་རིས་རྒོལ་རྡུང་གི་ལས་འགུལ་སྤེལ་བ་དེ་ལ་མི་མང་ཁོང་ཁྲོ་ལང་གི་ཡོད་པ་རེད།།