འདི་ནི་ལོ་རྒྱུས་ཀྱི་ངོ་གདོང་ཡིན།
ད་གཟོད་ལྷོད་ཤིག་ཤིག། དགའ་ལྷང་ལྷང་།
སེམས་པ་གྲངས་མེད་ཅིག་གཅིག་གིས།
ཁ་ཕྱོགས་གཏད་སྟངས་གཅིག།
རེ་བས་བསྙབ་སྟངས་གཅིག།
འདི་ནི་སྟངས་ཀ་མིན་ལ། སྐད་ཆ་མིན།
ལད་ཟློས་ནི་དེ་བས་ཀྱང་མིན།
འདི་ནི་ཁྲག་རུས་ཀྱིས་བྲིས་པའི་ཤ་ཚུགས་ཀྱི་ཁ་ཆེམས་གསོན་པོ་ཞིག
འདི་ནི་མི་རིགས་ཤིག་གི་ཤ་ཁར་འབྱར་བའི་གནའ་གཏམ་གྱི་གླེང་གཞི་རིང་པོ་ཞིག།
རྨི་ལམ་འཁྲུག་ས་ནས།
གཡུལ་ངོ་གཟན་ས་ནས།
གྲག་འགུལ་མེད་པའི་མི་རིགས་འདིས་ཚོས།
གང་ཡང་འཇོན་མེད་ཅེས་ཤུགས་ཀྱིས་ཤུགས་ཀྱིས་གྱེར་ཡོད།
འོན་ཀྱང་འདིར་མི་སྲོག་གི་གཏའ་མ་དང་རལ་གྲིའི་རྣོ་ངར་བསླང་ཡོད།
འདི་ན་ཆེས་རྒོད་ཀྱིས་ཐུམ་པའི་དུར་ཁྲོད་ཀྱི་མིང་གཞུང་ལྷག་ཡོད།
འདི་ན་ལོ་རྒྱུས་ཀྱི་ཐིག་རིས་ན་སིམ་པའི་ཟུངས་ཁྲག་གི་དམ་བཅའ་སྦས་ཡོད།
ཕྱི་ལོོ༢༠༡༡།༦།༡༦ ཉིན་མོན་གྷོ་ཚོགས་ཁང་ནང་དུ་མཛད་སྒོ་དབུ་འཛུགས་ཉིན་བྲིས།