ཨབ་གྷ་ནི་སི་ཐན་ནས་ཨ་རིའི་དམག་མི་ཕྱིར་འཐེན་བྱེད་རྒྱུ།
ཨབ་གྷ་ནི་སི་ཐན་ནང་ནས་ཨ་རིའི་དམག་མི་རྣམས་ཇི་ལྟར་འཐེན་རྒྱུ་ཡིན་པའི་སྐོར་ཁོང་གིས་བརྗོད་དོན། ད་ལོའི་དམག་མི་ཕྱིར་འཐེན་དེ་བྱས་པའི་རྗེས་སུ་ཨབ་གྷ་ནི་སི་ཐན་གྱི་ཉེན་སྲུང་དམག་མི་རྣམས་ཀྱིས་རང་གི་ལུང་པའི་སྲུང་སྐྱོབས་ཀྱི་འགན་འཁྲི་དེ་རང་ཉིད་ནས་ཁྱེར་བའི་རྗེས་སུ་རིམ་པས་ཨ་རིའི་དམག་མི་རྣམས་ཕྱིར་འཐེན་བྱེད་རྒྱུ་དང། ༢༠༡༤ ལོའི་ནང་ཚུད་དུ་ལས་དོན་དེ་རྣམས་མཇུག་སྒྲིལ་ཚར་བ་བྱ་རྒྱུ་ཡིན། དེ་ནས་ཨབ་གྷ་ནི་སི་ཐན་གྱི་ཡུལ་མི་ཚོས་རང་གི་སྲུང་སྐྱོབས་ཀྱི་ལས་འགན་དེ་རང་ཉིད་ནས་ཁུར་རྒྱུ་རེད་ཅེས་བརྗོད་འདུག
ཁོང་གིས་མུ་མཐུད་བརྗོད་དོན། ཨ་རིས་དམག་མི་རྣམས་ཕྱིར་འཐེན་བྱེད་པ་དེ་ནི་རྒྱལ་ཁའི་ངང་བྱེད་རྒྱུ་ཡིན་པ་དང། འཇིགས་སྐུལ་རིང་ལུགས་ཚོགས་པ་ཨལ་ཁེ་དྷ་ནི་ད་ཆ་ཧ་ཅང་ཉམས་གུད་དུ་ཕྱིན་ཡོད། པཱ་ཀི་སི་ཐན་དང་ཟུང་འབྲེལ་ཐོག་ང་ཚོས་ཨལ་ཁེ་དྷའི་འགོ་ཁྲིད་མང་ཆེ་བ་རྩ་མེད་བཟོས་ཟིན་པ་ཡིན་ཞེས་དང། ད་ལྟ་བར་དུ་ཨལ་ཁེ་དྷའི་འགོ་འཁྲིད་ཆེ་ཤོས་ཡིན་པ་ཨོ་སཱ་མ་བྷིན་ལ་དྷན་ང་ཚོས་བསད་ཚར་བ་རེད། དེར་བརྟེན་ངས་ང་ཚོའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་དང་དམག་མི་ཚོ་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་བསྒྲགས་གཏམ་སྤེལ་ཡོད་པ་རེད།།

