ཞུམ་མེད་ཀྱི་དཔའ་བོ།
མཐོ་སྒང་ཡང་རྩེ་སྲོང་བཙན་གདུང་རྒྱུད་ཀྱི།།
དཔའ་ངར་ཞུམ་མེད་ཞི་བའི་ངོ་རྒོལ་ཐོག།།
བོད་ལ་རང་དབང་དགོས་སོགས་འབོད་སྒྲ་ཡིས།།
གང་ཁྲན་སྙིང་ལ་ཟུག་མདའ་རྒྱབ་པ་བྱས།།
གངས་སེང་དཀར་མོ་རྒྱལ་དར་འཕྱ་བ་དང།།
སེམས་ལ་སྡུག་བསྔལ་ཡོད་པའི་དན་རྟགས་སུ།།
དཔའ་བོ་གྲོད་ལ་སྡུག་བསྔལ་ཡོད་ཅེས་པའི།།
སེམས་ཀྱི་དཀའ་ངལ་ལུས་ལ་བྲིས་འདི་ལྟོས།།
མི་རིགས་ཅིག་གི་བདེན་དོན་གླེང་བ་ལས།།
རང་ཉིད་ཁོ་ནའི་ལྟོ་འགྲངས་ཙམ་མིན་པས།།
རྐུབ་སྟེགས་ཐོག་ཏུ་འགྱིང་པའི་དཔོན་པོ་ཚོ།།
སེམས་ལ་ན་ཟུག་ཙམ་ཡང་མི་རྒྱབ་སྐྱོ།།
ལ་རྒྱའི་སྙིང་ལ་བཅངས་པའི་དཔའ་བོ་ཚོ།།
ལུས་སེམས་དཀའ་སྡུག་ཅི་ཡོད་ཁྱོད་ཚོ་ཡི།།
ཡར་ཁོག་སེམས་པའི་ངོས་ཨུ་དྲན་ནམ།།
དྲན་ན་ལས་འགུལ་ཅི་འདྲ་སྤེལ་རྩིས་ཡོད།།
གཞན་ཡང་བཙན་འོག་བཙུད་པའི་དཔའ་རྒོན་རྣམས།།
རང་ཉིད་ལྟ་བུའི་བདེ་ཐང་ཡོངས་བའི་སླད།།
མྱུར་མོ་ཀློད་གྲོལ་ཡོངས་བའི་ཐབས་ཤེས་ཀྱི།།
ལམ་འགག་ཅིག་ཀྱང་གྲོས་བསྡུར་བྱེད་མྱོང་ངམ།།
དེང་གི་བོད་ནང་ཟིང་འཁྲུག་ལངས་བ་རྣམས།།
ཁྱེད་ཀྱི་མཐོང་ཐོས་གནས་ཚུལ་ཨེ་ཤེས་ལགས།།
ཤེས་ན་རྒྱལ་གཅེས་དཔའ་བོའི་རྣམས་ཀྱི་ཆེད།།
ལས་འགུལ་གང་ཞིག་སྤེལ་རྩིས་ཡོད་དམ་ལགས།།
ཁམས་ཉག་རོང་དུ་ཞི་བའི་ངོ་རྒོལ་ཀྱི་བརྙན་དཔར་མཐོང་སྐབས་༢༠༡༡་༠༦་༡༨ཉིན་ལ་ཤར་མརབྲིས།