སྒྱུ་རྩལ་བ་ཨེ་ཝེ་ཝེ་ཀློད་གྲོལ་བཏང་བ།
ཁོང་ནི་ཉེ་ཆར་རྒྱ་ནག་གཞུང་གིས་ཁོང་ལ་རྒྱ་ནག་གི་ནང་དུ་མི་མང་ཚོས་ཨ་རབ་ལུང་པའི་མི་མང་གི་ཡར་ལངས་ལྟར་ཡོང་ཐབས་བྱེད་མཁན་རྣམས་ཀྱི་གྲས་སུ་བསྙད་དེ། འཇུ་བཟུང་གིས་ཟླ་བ་༣ རིང་བཀག་ཉར་བྱས་རྗེས་ཀློད་གྲོལ་བཏང་བ་ཞིག་རེད།
གསར་འགོད་པ་ཚོས་དེའི་སྐོར་ཨེ་ཝེ་ཝེ་ལ་ཁོང་ལ་བཅར་འདྲི་བྱས་སྐབས། ཁོང་གིས། ད་ལྟ་ཁོང་བཙོན་ནས་གཞན་ལ་སྐད་ཆ་མི་བཤད་རྒྱུའི་ཁག་ཐེག་འགན་ལེན་བྱས་པའི་ཆ་རྐྱེན་འོག་ཏུ་ཀློད་གྲོལ་བཏང་བ་རེད། དེར་བརྟེན་སྐད་ཆ་འདི་ལས་ལྷག་པ་གང་ཡང་བཤད་རྒྱུ་མེད་ཅེས་གསུངས་ཏེ་བཤད་མཚམས་བཞག་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་གྱི་ཞིན་ཧྭ་གསར་ཁང་ནས་གནས་ཚུལ་སྤེལ་བའི་ནང་། ཨེ་ཝེ་ཝེ་ཁོང་ཀློད་གྲོལ་དགོས་པ་དེ་སྔ་ཁོང་གིས་གཞུང་ལ་དཔྱ་ཁྲལ་མི་སྤྲད་པར་ཁྲིམས་འགལ་གི་ལས་ཀ་བྱས་ཡོད་པ་རྣམས་རང་གིས་ཁས་ལེན་བྱས་པར་བརྟེན་ཀློད་གྲོལ་བཏང་བ་རེད་ཅེས་བཤད་ཡོད་པ་རེད། ཡིན་ནའང་Amnesty International ཚོགས་པས། ཨེ་ཝེ་ཝེ་ཀློད་གྲོལ་བཏང་བ་དེ་ནི་རྒྱལ་སྤྱིའི་ནང་དུ་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོང་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བ་དེ་ལ་སྐྱོན་འཛུགས་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དེར་གཡོལ་ཐབས་བྱས་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།།
{jcomments on}