དྲག་ཆབ་རླུང་འཚུབ་དཀྱིལ་གྱི་རྒྱ་ནག་པེ་ཅིང།
ད་ཐེངས་རླུང་འཚུབ་ཀྱི་གྲངས་ཚད་རིམ་པ་༨ནས་༩བར་ཡིན་ཞིང།དུས་ཡུན་ནང་ཁང་པའི་གྱང་གོག་ནས་བཤུས་པའི་ཤུལ་དེ་དག་ནམ་མཁར་འཕྱོ་བཞིན།རླུང་འཚུབ་དེས་ལྕང་མའང་གདུག་དབྱིབས་ལྟར་བཟོས།ཁང་ཐོག་གི་དུད་ཚང་འགའ་ཆབ་ཆུས་བརླན་ཞིང།སྐས་འཛེགས་ཀྱི་བར་འཁྱམ་དུ་ཆུས་ཁེངས་པར་བཟོས།
བོ་ཞུན་དྲ་གནས་ཀྱིས་ཉིན་དེའི་མཚན་མོ་ཆུ་ཚོད་༡༡ཐོག་གསར་གནས་སྤེལ་བ་ལྟར་ན་དྲག་ཆབ་དེའི་རྐྱེན་གྱིས་པེ་ཅིང་གྲོང་ཁྱེར་ནང་གི་འགྲེམ་འགྲུལ་འགག་ཅིང་།རང་ཁྱིམ་དུ་ཕྱིར་ལོག་ཐུབ་པ་དེ་དག་མི་གྲངས་བསྡོམས་ འབོར་གྱི་ཕྱེད་ཙམ་ལས་མེད་ཚུལ་བཀོད་ཡོད་པ་རེད།
རྒྱ་གཞུང་ཕྱོགས་ནས་དེའི་སྐོར་གནས་ཚུལ་སྤེལ་བ་ལྟར་ན་པེ་ཅིང་གྲོང་ཁྱེར་ནང་ཆབ་ཆུའི་མང་ཚད་དེ་ལིའི་མི་༥ཟིན་པ་དང།རྒྱལ་ཁབ་གཞན་ལ་མཚོན་ན་ད་ཐེངས་ཀྱི་ཆབ་པ་འབབ་ཚད་དེ་ནི་རྒྱུན་གཏན་ལྟར་ཡིན་ཡང།སྐམ་་ཤེད་ཆེ་ བའི་རྒྱ་ནག་ལ་མཚོན་ན་དེ་ནི་དྲག་ཆབ་རླུང་འཚུབ་ཀྱི་གྱོང་རྒུད་ཚབ་ཆེན་ཞིག་རེད།
རྒྱ་ནག་གི་གྲོང་ཁྱེར་ཁག་ནང་ཆབ་པ་འབབ་པ་ཙམ་གྱིས་ཆུ་ལོག་རྒྱག་པའི་གནད་དོན་དེ་ནི་གྲོང་ཁྱེར་འཛུགས་་བསྐྲུན་གྱི་འཆར་འགོད་ལ་སྐྱོན་ཆ་ཆེན་པོ་ཡོད་པའི་རྟགས་ཡིན་ཞིང།དེ་མིན་ཁོར་ཡུག་དང་རྩ་རྩི་ཤིང་སོགས་ རང་བྱུང་གི་སྔོ་་ལྗང་ཅན་ལ་གཏོར་བཅོམ་ཐེབས་པའི་རྐྱེན་གྱིས་རེད།རྒྱ་ནག་ནང་གི་ཁང་པ་དང་གཞུང་ལམ་ འཛུགས་བསྐྲུན་ཐད་དམིགས་བསལ་ཅན་གྱི་ཁྱད་ཆོས་གཅིག་ཡོད་པ་དེ་ནི་མཚོ་དང་རླན་ཤེད་ཅན་གྱི་ས་ཆ།ཡུ་ཆུ་ཚང་མ་འཁོད་མཉམ་བཟོ་རྒྱུ་དེ་དང།འབུར་དུ་ཐོན་པའི་ས་རི་དང་མཐོ་སྒང་ཐང་སྡེར་སྙིལ་པའི་བྱེད་སྟངས་དེ་དག་ཚང་མ་རང་བྱུང་ཁམས་ཀྱི་ལུགས་མཐུན་གྱི་འཁོར་རྒྱུག་དང་ཚན་རིག་གི་ནང་དོན་དང་འགལ་བ་ཡིན།
རང་བྱུང་ཁམས་ལོ་ངོ་སྟོང་གི་རང་བྱུང་ཆུ་བེད་ཀྱིས་མཐོ་དམའ་སྣ་ཚོགས་པའི་ས་ཁམས་ཀྱི་སྒྲོམ་གཞི་ཆག་པ་དང།རང་བྱུང་གིས་གྲུབ་པའི་ས་ཁམས་དེ་དག་ཡོངས་རྫོགས་གཏོར་བཅོམ་ཐེབས་ཡོད་པ་རེད།ཆབ་ཆུ་ཉར་ཚགས་ཐུབ་པའི་ས་ངོས་དང་མཚོ་མཚེའུ།རླེན་ས་དག་རྩ་མེད་འགྲོ་བཞིན་པ་དང།གྲོང་ཁྱེར་ནང་ཆུ་ཕྱིར་རྒྱུག་གི་ལས་གྲྭའི་ མ་ལག་སྡེ་ཚོགས་ནས་ལུགས་མཐུན་འཛུགས་བསྐྲུན་གྱི་ཡོ་བྱེད་དམ་གྲུབ་ཆ་དག་ལ་སྲི་ཚགས་བྱེད་པ་དེས་རྒྱ་ནག་གི་གྲོང་ཁྱེར་ཕལ་ཆེ་བར་ཆབ་ཆུ་མང་ཙམ་འབབ་ན་ལམ་སེང་གྲོང་ཁྱེར་ནང་ཆུ་ལོག་རྒྱུག་པ་དང།༼དཔེར་ན་རྒྱ་ ནག་ཅི་ནན་གྲོང་ཁྱེར་ལ་དེ་སྔོན་མི་བརྒྱ་ལྷག་ཙམ་རྐྱེན་ལམ་དུ་སོང་ཟིན།༽དེ་བས་ཚབས་ཆེ་བ་ནི་མི་མང་པོའི་ཚེ་སྲོག་ཤོར་བ་བཅས་ཀྱི་གནས་ཚུལ་འབྱུང་བཞིན་པ་དེ་རེད།
མཆན།གསར་འགྱུར་ཡོང་ཁུངས་གཤམ་གསལ་གྱི་དྲ་བྱང་ཡིན།
http://news.boxun.com/news/gb/china/2011/06/201106232354.shtml
